སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ཐར་ལོ》ལ་ཧྥ་རན་སི་ཝེ་སུར་ཡ་གླིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཆེས་མཐོའི་བྱ་དགའ་ཐོབ་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-16 11:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


《ཐར་ལོ》ལ་ཧྥ་རན་སི་ཝེ་སུར་ཡ་གླིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཆེས་མཐོའི་བྱ་དགའ་ཐོབ་པ།

     ཉེ་ཆར། སྐབས་ཉེར་གཉིས་པའི་ཧྥ་རན་སི་ཝེ་སུར་ཡ་གླིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་བརྩམས་ཆོས《ཐར་ལོ》ཞེས་པར་གློག་བརྙན་དུས་ཆེན་འདིའི་སྟེང་ཆེས་མཐོའི་བྱ་དགའ་སྟེ་གསེར་གྱི་འཁོར་གསུམ་རྐང་འཁོར་བྱ་དགའ་དང་ཕ་རི་སུའི་ཤར་ཕྱོགས་སྐད་བརྡའི་བྱ་དགའ་བཅས་བྱ་དགའ་སྣ་གཉིས་ཐོབ།

《ཐར་ལོ》ལ་ཧྥ་རན་སི་ཝེ་སུར་ཡ་གླིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཆེས་མཐོའི་བྱ་དགའ་ཐོབ་པ།

     གློག་བརྙན《ཐར་ལོ》ནི་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི་བོད་སྐད་གློག་བརྙན་རིང་གྲས་ལྔ་བ་ཡིན་ཞིང་། ཁེར་རྐྱང་གི་རྫི་བོ་ཞིག་གྲོང་ཁྱེར་དུ་ཐོབ་ཐང་ལག་འཁྱེར་ལེན་དུ་འགྲོ་བའི་གོ་རིམ་ཁྲོད་ཀྱི་གཏམ་རྒྱུད་ཅིག་རེད། གློག་བརྙན་དུས་ཆེན་དུ་བྱ་དགའི་ཐ་ཚིག་ནི་འདི་ལྟ་སྟེ། གློག་བརྙན《ཐར་ལོ》ཡིས་ཁེར་རྐྱང་ཚེ་སྲོག་ཅིག་གི་སྣང་བརྙན་བརྗོད་ཅིང་། ཁོ་ལ་ཅི་ཡང་མེད་ནའང་། སྔར་བཞིན་བྱམས་བརྩེ་དང་མཛེས་སྡུག་གིས་འཚོ་བའི་ཚེ་སྲོག་ཅིག་གོ།
     རྒྱུས་ལོན་པ་ལྟར་ན། ཧྥ་རན་སི་ཝེ་སུར་ཡ་གླིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་ཏི་ལུའུ་ཨ་ནཱ་བཟའ་ཟླ་གཉིས་ཀྱིས་ཧྥ་རན་སིའི་ཤར་ཕྱོགས་ཝེ་སུར་གྲོང་དུ་བཙུགས་ཤིང་། ཡོ་རོབ་ལོ་རྒྱུས་སྟེང་ཆེས་སྔ་བའི་ཡ་གླིང་གློག་བརྙན་དུས་ཆེན་ཞིག་ཡིན། མིག་སྔར། གློག་བརྙན་དུས་ཆེན་འདི་ནི་ཧྥ་རན་སི་ཝེ་སུར་གྲོང་གི་ཆེས་གལ་ཆེ་བའི་རིག་གནས་བྱ་འགུལ་དུ་གྱུར་ཡོད་ལ། ཡ་གླིང་དང་ཐ་ན་འཛམ་གླིང་གི་གློག་བརྙན་ལ་དུངས་མཁན་དག་གི་དོ་སྣང་བྱེད་ཡུལ་དུ་གྱུར།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...