སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡ་རྫི་རྫོང་ཀ་རིང་བོད་རིགས་ཡུལ་ཚོས་སྐབས་བཅུ་བའི་དཔྱིད་བསུ་བུམ་པའི་གཟེབ་གྲུག་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-17 9:22:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཡ་རྫི་རྫོང་ཀ་རིང་བོད་རིགས་ཡུལ་ཚོས་སྐབས་བཅུ་བའི་དཔྱིད་བསུ་བུམ་པའི་གཟེབ་གྲུག་འགྲན་བསྡུར་སྤེལ་བ།


ཡ་རྫི་རྫོང་ཀ་རིང་བོད་རིགས་ཡུལ་ཚོས་སྐབས་བཅུ་བའི་དཔྱིད་བསུ་བུམ་པའི་གཟེབ་གྲུག་འགྲན་བསྡུར་སྤེལ་བ།

ཡ་རྫི་རྫོང་ཀ་རིང་བོད་རིགས་ཡུལ་ཚོས་སྐབས་བཅུ་བའི་དཔྱིད་བསུ་བུམ་པའི་གཟེབ་གྲུག་འགྲན་བསྡུར་སྤེལ་བ།
རིག་རྩལ་འཁྲབ་སྟོན་བྱེད་པ།

གཟབ་གྲུག་འགྲན་བསྡུར་མགོ་རྩོམ་པ།


གཟབ་གྲུག་འགྲན་བསྡུར་བྱེད་བཞིན་པ།

གཟབ་གྲུག་འགྲན་བསྡུར་བྱེད་བཞིན་པ།


ཡུལ་དངོས་ཟུར་ཞིག་གི་མང་ཚོགས་ཀྱིས་ལྟད་མོ་ལྟ་བཞིན་པའི་རྣམ་པ།

     སྤྱི་ཟླ2པའི་ཚེས15ཉིན། ཡ་རྫི་རྫོང་ཀ་རིང་བོད་རིགས་ཡུལ་ཚོའི་གཤོངས་ས་སྡེ་བས་གཙོ་སྒྲུབ་གནང་བའི་སྐབས་བཅུ་བའི་དཔྱིད་བསུ་བུམ་པའི་གཟེབ་གྲུག་འགྲན་བསྡུར་སྤེལ་ཞིང་། ཡུལ་ཚོའི་མི་དམངས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་ཐེངས་འདིའི་གཟབ་གྲུག་འགྲན་བསྡུར་གྱི་བྱ་འགུལ་སོ་སོར་ཞུགས།
     སྔ་དྲོར་བྱ་འགུལ་མགོ་བརྩམས་མ་ཐག  སྡེ་བ་སོ་སོའི་གཟབ་གྲུག་འཐུས་ཚབ་རུ་ཁག་གཅིག་རྗེས་གཉིས་མཐུད་དུ་གཟེབ་གྲུག་ར་བར་ཞུགས་པ་དང་། དེར་མཐུད་དེ་རིག་རྩལ་འཁྲབ་སྟོན་རབས་དང་རིམ་པ་བྱས་ཤིང་། ཕུན་སུམ་ཚོགས་པའི་འཁྲབ་སྟོན་དེ་དག་སྡེ་བ་སོ་སོས་འཁྲབ་སྟོན་པ་ལེགས་འདེམ་སྒོས་གཟབ་ནན་འཁྲབ་སྦྱོང་བྱས་པ་ཞིག་ཡིན་ལ། མི་རིགས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་ཡོད།
     ཀ་རིང་ཡུལ་ཚོར་སྲིད་འཛིན་སྡེ་བ13ཡོད་པ་ལས་ཐེངས་འདིའི་འགྲན་བསྡུར་ལ་གཤོངས་ས་སྡེ་བ་དང་། ལོ་བ་སྡེ་བ། སྐྱ་མང་སྡེ་བ། ཡར་ཀ་སྡེ་བ། མར་ཀ་སྡེ་བ། བ་ལུང་སྡེ་བ། བིས་ཐང་སྡེ་བ། ལ་ལུང་ཁ་སྡེ་བ། མགོ་སྐོར་ནང་སྡེ་བ་བཅས་སྡེ་བ9ཞུགས་ཡོད་ལ། ཛ་དྲག་གི་འགྲན་བསྡུར་བརྒྱུད། ཡར་ཀ་སྡེ་བ་དང་། གཤོངས་ས་སྡེ་བ། སྐྱ་མང་སྡེ་བ། མར་ཀ་སྡེ་བ་བཅས་རྟིང་རྩོད་ལ་ཚུད་དེ་རྟིང་རྩོད་འགྲན་བསྡུར་བྱེད་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...