སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷོ་ཁ་བོད་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ལྔ་པར་འཛུགས་རྒྱུར་མཆན་བཀོད་གནང་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-18 10:30:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
ལྷོ་ཁ་བོད་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ལྔ་པར་འཛུགས་རྒྱུར་མཆན་བཀོད་གནང་བ།
     ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱིས་ལྷོ་ཁ་ས་ཁུལ་བསྒྱུར་ནས་ས་ཁུལ་རིམ་པའི་ལྷོ་ཁ་གྲོང་ཁྱེར་འཛུགས་རྒྱུར་མཆན་བཀོད་བཀའ་ལན་གནང་བས། སྐབས་འདིའི་བར་དུ་བོད་ལྗོངས་སུ་ས་ཁུལ་རིམ་པའི་གྲོང་ཁྱེར5རུ་འཕར་བ་རེད།
     གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྷོ་ཁ་ས་ཁུལ་དང་སྣེ་གདོང་རྫོང་གཉིས་བསྒྱུར་ནས་ས་ཁུལ་རིམ་པའི་ལྷོ་ཁ་གྲོང་ཁྱེར་འཛུགས་རྒྱུ་དང་། ལྷོ་ཁ་གྲོང་ཁྱེར་གྱི་ཁོངས་སུ་སྣེ་གདོང་ཆུས་འཛུགས་རྒྱུ་ཡིན་ཞིང་། སྔོན་མའི་སྣེ་གདོང་རྫོང་གི་སྲིད་འཛིན་ས་ཁོངས་དེ་སྣེ་གདོང་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་བསྒྱུར་རྒྱུར་ཡིད་མཐུན་གནང་བའི་མཆན་བཀོད་བཀའ་ལན་གནང་བ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...