སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཚངས་དབྱངས་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་ལས་མི་བསྡུ་བའི་བརྡ་ཐོ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-23 9:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     མཚོ་སྔོན་ཚངས་དབྱངས་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་ནི་སྤྱི་ལོ2015ལོའི་ཟླ6པར་དངོས་སུ་ལས་སྒོ་ཚུགས་པ་ཡིན་ལ། ཀུང་ཟིས་བརྙན་ལམ་རིགས་ཀྱི་ལེ་ཚན་སྒྱུར་སྐྲུན་དང་སྒྲིག་བཟོ། བརྙན་ལེན། སྒྲ་བརྙན་སྒྲིག་སྦྱོར། གློག་ཀླད་པར་ཡིག་སྒྲིག་བཟོ། ཡིག་ཚགས་ལོ་ཙཱ། གཉེན་སྟོན་ཇུས་འགོད་སོགས་ཀྱི་ལས་རིམ་ཅི་རིགས་གཉེར་གྱི་ཡོད་དེ། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་རྒྱ་བོད་ལོ་ཙཱ་དང་། སྒྲ་བརྙན་སྒྲིག་བཟོ། བརྙན་ལེན་པ། ཡིག་ཚགས་དྲུང་ཡིག་བཅས་ཐད་ཀྱི་ལས་བྱེད་མི་སྣ་ཁ་ཤས་བསྡུ་འཆར་ཡོད་པས། ལས་འདིར་མོས་པ་ཡོད་མཁན་དག་ཀུང་ཟི་འདིའི་དཔུང་སྡེ་རུ་ཞུགས་པར་ཆེད་དུ་བརྡ་འདི་བཀྲམ་པའོ།།
ཆ་རྐྱེན། སློབ་ཆེན་ཆེད་སྦྱོང་དང་དེའི་ཡན་གྱི་ཡོན་གནས་ལྡན་དགོས་ཤིང་། ལས་གནས་འདིའི་རིགས་ལས་ཀའི་ཉམས་མྱོང་ལྡན་ཚེ་དམིགས་བསལ་གྱིས་བསྡུ་གྲབས་ཡོད་པ། 
ས་གནས།  མཚོ་སྔོན་ཁྲི་ཀ་རྫོང་།
འབྲེལ་གཏུག་བྱ་ཡུལ།  ཀླུ་འབུམ་བཀྲ་ཤིས། 13997173906
                              བཀྲ་ཤིས་རྒྱལ། 13997210865
མཚོ་སྔོན་ཚངས་དབྱངས་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི།
2016ལོའི་ཟླ2པའི་ཚེས20ཉིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...