སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ས་མཐོའི་གཅེས་ནོར་ཞེས་འབྲིའི་འོ་ལས་ལ་ཀྲུང་ཨ་དང་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་བཟའ་རིགས་བདེན་དཔང་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-3-3 11:07:00 རྩོམ་ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས།
     “ས་མཐོའི་གཅེས་ནོར”ཞེས་པའི་འབྲིའི་འོ་ལས་ནི་ཀྲུང་གོའི་འབྲིའི་འོ་མའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན། ཉེ་སྔོན་ས་མཐོའི་གཅེས་ནོར་ལ་ཨ་རིའི་སྐྱེ་ལྡན་བཟའ་བཅའི་བདེན་དཔང་ར་འཕྲོད་ཐོབ་པ་དང་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་འབྲོག་རའི་བདེན་དཔང་ར་འཕྲོད་ཐོབ་ཡོད། ས་མཐོའི་གཅེས་ནོར་ལ་ཀྲུང་གོ་དང་། ཨ་རི། ཡོ་རོབ་མནའ་འབྲེལ་བཅས་གསུམ་པོའི་སྐྱེ་ལྡན་དངོས་པོའི་བདེན་དཔང་ར་འཕྲོད་ཐོབ་པ་ནི་རྒྱལ་ཁབ་ཕྱི་ནང་གི་བཟའ་བཅའི་ལས་རིགས་ཡོངས་སུ་ཉིན་མོའི་སྐར་མ་ལྟ་བུར་སྣང་ངོ་།།
     “ས་མཐོའི་གཅེས་ནོར”ཞེས་པའི་འབྲིའི་འོ་མ་ནི་འོ་མ་འོ་རྐྱང་ནས་སྦྱོར་རྟ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་མཚོ་བོད་ས་མཐོའི་ཐོག་ལེགས་གྲུབ་བྱས་པ་ཞིག་ཡིན། དེའི་ཁོངས་གཏོགས་འབྲོག་ར་ཆ་སྙོམས་ས་བབ་མཐོ་ཚད་སྨི3500ཡན་ཟིན་པ་དང་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད། རླུང་ཁམས་དང་། ཆུ་ཁུངས། ས་རྒྱུ། འབྲོག་རྩྭ་བཅས་ཚང་མར་སྦགས་བཙོག་གང་ཡང་བྱུང་མེད་པས། དྭངས་གཙང་རང་བྱུང་གི་འབྲོག་ར་ཞིག་ཡིན། འབྲི་དེ་ལྟ་བུའི་ཁོར་ཡུག་འོག་འཚོ་གནས་བྱེད་བཞིན་ཡོད་པས། དེ་ལས་བྱུང་བའི་འོ་མའི་ཐོན་རྫས་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་བྱས་ཆོག་གི་ཡོད།
     འབྲི་གཡག་དང་། ངང་པ་རེ་འཆང་། བྱང་སྣེའི་དོམ་དཀར་བཅས་ལ་ད་བར་གནས་པའི་འཛམ་གླིང་ཐོག་གི་གདོད་མའི་སྲོག་ཆགས་མཐའ་མ་རིགས་གསུམ་ཞེས་བརྗོད་པ་དང་དེའི་གཞི་གྱིན་མིའི་རིགས་ཀྱིས་ལེགས་བཅོས་བྱེད་མྱོང་མེད། འབྲིའི་འོ་མ་བདེ་འཇགས་ཆེ་ལ་ཧ་ཅང་དཀོན་པོ་ཡིན་པ་གོང་གསལ་ཁྱད་ཆོས་དག་ལས་རྟོགས་ཐུབ།
     “ས་མཐོའི་གཅེས་ནོར”གྱིས་ད་དུང་འབྲོག་རར་རང་བྱུང་ཕྱུགས་འཚོའི་ཚད་གཞི་ནན་པོ་ལག་ལེན་བསྟར་བ་དང་འབྲོག་རའི་ཐོག་གི་འབྲི་གཡག་ལ་མི་བཟོས་གཟན་ཆག་སྟེར་རྒྱུ་གཏན་འགོག་བྱས་ནས་གཞི་གྱིན་གྱི་སྦགས་བཙོག་མ་འགོས་པ་བྱེད་ཀྱི་ཡོད།
     “ས་མཐོའི་གཅེས་ནོར”གྱིས་འབྱུང་རྩ་ནས་གསོལ་ལྕོག་བར་གྱི་སྤུས་ཚད་འགན་ལེན་བྱེད་པའི་མ་ལག་གཏོད་རྒྱུར་གཞོལ་ནས་མི་ཐབས་ལ་བརྟེན་ནས་འབྲོག་རྩྭ་འདེབས་རྒྱུ་གཏན་འགོག་དང་། རྫས་ལུད་དང་ཞིང་སྨན་སྤྱོད་རྒྱུ་གཏན་འགོག དུག་སྲིན་འགོག་སྨན་རྒྱག་རྒྱུ་གཏན་འགོག་བཅས་བྱས་ཏེ་ལམ་ལུགས་ཐོག་ནས་ཐོན་རྫས་ལ་ཞིང་སྨན་དང་དུག་སྲིན་འགོག་སྨན་གྱི་སྦགས་བཙོག་མི་འགོས་པ་འགན་ལེན་བྱས་ཡོད། དེས་མ་ཚད་ལྷག་བསམ་དག་པའི་ཕྱུགས་རྫི་ཡོད་པས་དེ་བས་བློ་བདེ་བག་ཕེབས་ངང་ལོངས་སུ་སྤྱོད་ཆོག
     འབྲོག་ར་ནས་འབྲིའི་བར་དང་འབྲི་ནས་འོ་མའི་བར་དྭངས་གཙང་ལྷད་མེད་ཡིན་པས། “ས་མཐོའི་གཅེས་ནོར”གྱི་འབྲིའི་འོ་མར་འཛད་སྤྱོད་པའི་ཁྲོམ་ར་རྩེ་གྲའི་ཐོག་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་དང་འབྲེལ་འབྲོག་ཁུལ་མི་དམངས་ཕྱུག་འགྱུར་འབབ་འཕར་ཡོང་བའི་འགན་ལེན་བརྟན་པོ་ཞིག་ཏུ་གྱུར་ཡོད། དེའི་ནང་རྒྱལ་ཁབ་ཐོན་ལས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཁྲོམ་ར་དང་འཛད་སྤྱོད་པའི་དབར་སྐུལ་འདེད་བཏང་བ་ཚུད་པ་མ་ཟད། ས་མཐོའི་གཅེས་ནོར་ཀུང་སིའི་ལས་མིའི་སྙིང་རུས་ཆེན་པོའང་འདུས་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...