སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆོས་དབྱིངས་སྐྱིད་ལི་ཡོའོ་ཨོ་རྩལ་འགྲན་ཚོགས་ལེགས་འདེམ་འགྲན་བསྡུར་དུ་ཞུགས་རྒྱུ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-3-4 10:17:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཆོས་དབྱངས་སྐྱིད་ལི་ཡོའོ་ཨོ་རྩལ་འགྲན་ཚོགས་ལེགས་འདེམ་འགྲན་བསྡུར་དུ་ཞུགས་རྒྱུ།
ཕུལ་བྱུང་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད།

     སྤྱི་ཟླ3པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཟླ་འདིའི་ཚེས6ཉིན་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ཏེ་ཨན་ཧོས་ཞིང་ཆེན་དུ་སྤེལ་བའི2016ལོའི་རྒྱལ་ཡོངས་འདུར་རྒྱུག་བྱ་དགའ་ཆེན་མོའི་འགྲན་བསྡུར་དང་ཨོ་རྩལ་འགྲན་ཚོགས་ལེགས་འདེམ་འགྲན་བསྡུར་དུ་ཞུགས་རྒྱུ་ཡིན་ཞིང་། ནུས་ཤུགས་ཡོད་རྒུས་ལི་ཡོའོ་ཨོ་རྩལ་འགྲན་ཚོགས་སུ་གདམ་པར་བརྩོན་ལེན་བྱ་རྒྱུ་རེད།
     ཆོས་དབྱིངས་སྐྱིད་ནི་ལུན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུག་ཁྲོད་ཟངས་ཀྱི་རྟགས་མ་ཐོབ་མཁན་ཡིན་ལ། ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་ཞུགས་པའི་བོད་རིགས་བྱ་དགའ་ཐོབ་མཁན་ཡང་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...