སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐབས་བཅུ་གསུམ་པའི་འབའ་ལུང་སྣ་མའི་མེ་ཏོག་དུས་ཆེན་དེ་ཟླ3པའི་ཚེས5ཉིན་མགོ་རྩོམ་རྒྱུ་རེད།
རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-3-7 10:57:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
     ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་སྐབས་བཅུ་གསུམ་པའི་འབའ་ལུང་སྣ་མའི་མེ་ཏོག་དུས་ཆེན་དེ་ཟླ3པའི་ཚེས5ཉིན་ནས་ཟླ3པའི་ཚེས7ཉིན་བར་འབའ་ལུང་རྫོང་འབའ་ཧོ་གྲོང་རྡལ་ཞིན་ཅེ་ནས་བསྡུ་རྒྱུ་རེད། སྐབས་དེར་རྒྱལ་ཡོངས་ས་ཁུལ་སོ་སོའི་སྣ་མའི་མེ་ཏོག་ལ་དགའ་བའི་གྲོགས་པོ་དག་འབའ་ལུང་རྫོང་མཁར་དུ་འདུས་ནས། མེ་ཏོག་ལ་བརྟེན་ནས་འཛམ་གླིང་ལ་འབྲེལ་འདྲིས་དང་། སྣ་མའི་མེ་ཏོག་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྣ་མའི་མེ་ཏོག་དུས་ཆེན་དེ་ཟླ3པའི་ཚེས4ཉིན་འགྲེམ་སྟོན་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཟླ3པའི་ཚེས5ཉིན་གྱི་དུས་ཚོད9དང30སྟེང་འགྲེམ་སྟོན་བྱེད་པ་དང་། དམིགས་བསལ་གསེར་གྱི་བྱ་དགའ2དང་དངུལ་གྱི་བྱ་དགའ10། ཟངས་ཀྱི་བྱ་དགའ10། འཛུགས་སྐྱོང་བྱ་དགའ4བཅས་བཙུགས་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...