སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཏེར་ལེན་ཁ་གྲོང་ཁྱེར་དུ་བོད་མེ་ཕོ་སྤྲེལ་ལོའི་ལོ་སར་མཉམ་རོལ་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ། བོང་སྟག་རི་ལུ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-3-8 9:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གཏེར་ལེན་ཁ་གྲོང་ཁྱེར་དུ་བོད་མེ་ཕོ་སྤྲེལ་ལོའི་ལོ་སར་མཉམ་རོལ་གྱི་བྱ་འགུལ་སྤེལ།


མདོ་འཛིན་པ། ཀུན་གྲགས་དང་དུང་དཀར་སྒྲོལ་མ།


གདན་ཞུའི་གླུ་མ། གནམ་མཚོ།


ཐེམ་ཆེན་ས་ཁུལ་གྱི་རྡུང་ལེན་པ། སྐལ་བཟང་རིན་ཆེན།


ཐེམ་ཆེན་ས་ཁུལ་གྱི་གཞས་མ། ཟླ་བ་ལྷ་མོ།

     ཉེ་ཆར། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་མཛད་པའི་བོད་མེ་ཕོ་སྤྲེལ་ལོའི་ལོ་སར་མཉམ་རོལ་གྱི་བྱ་འགུལ་དེ་མཚོ་ནུབ་མགྲོན་ཁང་ནས་སྤེལ་བ་དང་། གཏེར་ལེན་ཁ་ས་ཁུལ་གྱི་བོད་རིགས་མང་ཚོགས200ལྷག་ཐེངས་འདིའི་ལོ་སར་མཉམ་རོལ་གྱི་བྱ་འགུལ་ལ་ཞུགས།
     ཐེངས་འདིའི་སྤྲོ་ཚོགས་དེ་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་པའི་དཔྱིད་ཀྱི་དཔལ་ཡོན་ཞེས་པའི་ཞབས་བྲོའི་སྟངས་སྟབས་ཁྲོད་ནས་མགོ་བརྩམས་ཤིང་། མཚོ་སྔོན་གཅན་ཚ་ནས་གདན་ཞུ་བྱས་པའི་གླུ་མ་གཡང་མོ་སྒྲོལ་མ་ཡིས་སྲོལ་རྒྱུན་གྱི་དམངས་གླུ་སྙན་མོ་ཞིག་གིས་གླུ་སྒོ་ཕྱེས་ཤིང་། རིམ་བཞིན་དུ་གདན་ཞུའི་གླུ་མ་རིག་འཛིན་སྒྲོལ་མ་དང་། གནམ་མཚོ། ལྷ་མོ་ཚེ་རིང་སོགས་གཙོ་བྱས་ཏེ། མཚོ་ནུབ་ས་ཁུལ་གྱི་གླུ་བ་སྐལ་བཟང་རིན་ཆེན་དང་། རྒྱ་དཀར་འཚོ་སྐྱིད། སྟག་སེང་ཐར། ཀུན་བཟང་རྡོ་རྗེ། ཆོས་སྐྱིད། བཀྲ་ཤིས་ཕུན་ཚོགས། ཟླ་བ་ལྷ་མོ་སོགས་ས་གནས་ཀྱི་གླུ་བ་གླུ་མ་མང་པོ་ཞིག་གིས་གླུ་དབྱངས་དང་། རྡུང་ལེན། མཉམ་ལེན་སོགས་ཀྱི་རིག་རྩལ་ལེ་ཚན་གྱ་ནོམ་པ་འཁྲབ་སྟོན་བྱས།
     སྤྲོ་ཚོགས་འདི་བརྒྱུད་ནས་གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་རིགས་སོ་སོའི་མི་དམངས་ཀྱི་དམངས་སྲོལ་གྱི་རིག་གནས་ལ་མཐོང་ཆེན་བྱེད་པ་དང་། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ལོ་རེ་རེ་བཞིན་རོལ་བཞིན་པའི་བོད་རང་གི་སྲོལ་རྒྱུན་གྱི་དུས་ཆེན་ལ་བརྩི་མཐོང་བྱེད་པའི་རྣམ་པ་ལེགས་པོ་ཞིག་མཐོང་ཡོང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...