སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་དབུས་ཁམས་གསུམ་གྱི་སྒྱུ་རྩལ་པས་འཁྲབ་སྟོན་བྱས་པའི་གར་ཆུང་།
རྩོམ་པ་པོ། བློ་ཕུན། རྩོམ་སྒྲིག་པ། Michung དུས་ཚོད། 2017-2-22 8:56:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

སྒྱུ་རྩལ་པ་ཐུབ་བསྟན་དང་ཞི་བདེ་ཉི་མ། བྱམས་པ་རྡོ་རྗེ་གསུམ་གྱིས་འཁྲབ་སྟོན་བྱེད་པ།
     ཁམས་པའི་བརྙན་འཕྲིན་ཁང་གི་བོད་མེ་བྱ་ལོའི་ལོ་གསར་དགོང་ཚོགས་དེ། སྤྱི་ཟླ2པའི་ཚེས20དགོང་མོ་བདེ་ལེགས་ངང་ལེགས་འགྲུབ་བྱུང་། རྒན་ཐུབ་བསྟན་ལགས་དང་། ཞི་བདེ་ཉི་མ། བྱམས་པ་རྡོ་རྗེ་གསུམ་ནས་དབུས་སྐད་དང་ཨམ་སྐད། ཁམས་སྐད་ཀྱི་ལམ་ནས་ཁ་ཤགས་་བཀྲ་ཤིས་སྨོན་འདུན་ཟེར་བ་ཞིག་འཁྲབ་བཤད་བྱས་པ་དང་། ཁོ་ཚོས་ཕུལ་དུ་བྱུང་བའི་སྒྱུ་རྩལ་འགུག་ཤུགས་དང་། ལྷག་པར་དུ་ཁ་ཤགས་དེའི་ཁྲོད་ཀྱི་གླུ་གཞས་ཁྱིམ་ཚང་གཅིག་གི་མི་ཞེས་པ་དེ་ཡིས། དགོང་ཚོགས་ཀྱི་མཐོ་རླབས་ཚད་མཐོན་པོར་བཏེགས་པ་དང་། དེར་བཞུགས་ཀྱི་ལྟད་མོ་བོ་དག་གིས་དགའ་གུས་བླ་ལྷག་གིས་ཐོབ་སོང་ངོ་།
     ཐེངས་འདིའི་འཁྲབ་སྟོན་ལས་བོད་ཀྱི་སྐད་གསུམ་ལམ་ནས་ལྷན་དུ་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་གྱི་ལམ་བུ་གསར་བ་ཞིག་གི་སྒོ་འཕར་ཕྱེས་སོང་བ་དང་། འདི་ནི་བོད་ཀྱི་གར་སྟེགས་ལོ་རྒྱུས་སྟེང་གི་ཐོད་བརྒལ་ཞིག་དང་། དོན་སྙིང་རླབས་པོ་ཆེ་ཞིག་རེད་ཟེར་ནས་ཀུན་གྱིས་བསྔགས་བརྗོད་བྱེད་བཞིན་འདུག
     རྒྱུས་ལོན་བྱས་པ་ལྟར་ན། རྒན་ཐུབ་བསྟན་ལགས་དགུང་ལོ་བརྒྱད་ཅུར་སོན་ཡོད་ནའང་། ཁོང་ནས་ད་དུང་བརྩོན་པ་ཆད་མེད་ངང་སྒྱུ་རྩལ་ལས་རིགསལ་ལུས་ངག་ཡིད་གསུམ་ཕུལ་དང་འབུལ་བཞིན་པ་འདི་ནི། ང་ཚོའི་སྒྱུ་རྩལ་ལས་རིགས་ཀྱི་མིག་དཔེ་ལྟ་སར་རྩིས་ཆོག་པ་རེད།
     དགོང་ཚོགས་འདི2017བོད་ཀྱི་ལོ་གསར་སྐབས་སུ། ཟི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་དང་། ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་། ཟི་ཁྲོན་བརྙན་འཕྲིན་ཁང་སོགས་ནས་གཏོང་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...