སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གདུགས་དཀར་ཚང་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང་གི་གྲས་སུ་ཚུད་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-31 15:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      གསར་འགོད་པས་རྒྱུས་ལོན་པ་ལྟར་ན། དར་མཚོ་རྫོང་བུད་མེད་ལྷན་ཚོགས་ཀྱིས་མཚམས་སྦྱོར་བྱས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དར་མཚོ་རྫོང་འབྲོང་འཐུས་ཞང་རྡུལ་རྫོང་སྡེ་བའི་གདུགས་དཀར་ཚང་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང་གི་གྲས་སུ་ཚུད་པའི་གནས་ཚུལ་འབྱོར་འདུག གདུགས་དཀར་ཚང་ལ་ཁྱིམ་མི་དྲུག་ཡོད་པ་དང་ཆུང་མའི་མིང་ལ་སྨན་འཚོ་ཟེར། ད་ལོ་ལོ་སོ་དགུ་ཡིན། བྱིས་པ་གཉིས་ཡོད་ལ་ཆེ་བའི་མིང་ལ་དཔལ་དར་རྒྱལ་ཟེར་ཞིང་ད་སྐབས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཡོད་པ་དང་། ཆུང་བའི་མིང་ལ་དཔལ་སྒྲ་དབྱངས་སྐྱིད་ཟེར་ཞིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐོ་འབྲིང་དང་པོའི་ནང་དུ་སློབ་གཉེར་གྱི་ལས་ལ་བརྩོན་གྱིན་ཡོད། ད་དུང་ཁྱིམ་ལ་ལོ་ལོན་གཉིསཡོད། བཟའ་མི་ཟུང་གིས་ལོ་ལོན་གཉིས་པོ་བདེ་སྐྱིད་ཀྱིས་གཉོར་ཞིང་བྱིས་པ་ཟུང་བརྩེ་སེམས་ཀྱིས་སྐྱོང་བཞིན་ཡོད།

         སྨན་འཚོའང་རྩྭ་ཐང་གི་བོད་མོ་གཞན་པ་དག་དང་འདྲ་བར་ཆེས་སྤྱིར་བཏང་གི་འབྲོག་མོ་ཞིག་ཡིན་པ་དང་། ཁྱིམ་ལས་དང་ལོ་ལོན་གཉོར་སྐྱོང་གི་ལས་ལ་ཅི་ནུས་ཀྱིས་གཞོལ་གྱིན་ཡོད་པར་མ་ཟད། ཁོ་མོ་རྫོང་དམངས་ཆེན་གྱི་འཐུས་མི་དང་འབྲོང་འཐུས་ཞང་བུད་མེད་འཐུས་ཚོགས་ཀྱི་ཀྲུའུ་རིན་ཡིན། རང་ཁྱིམ་གྱི་ལས་ཀ་དང་གཞུང་གི་བྱ་བ་གང་ལ་མཚོན་ནའང་ཁོ་མོས་ནམ་རྒྱུན་ནན་ནན་ཏན་ཏན་གྱིས་སྒྲུབ་བཞིན་མཆིས།

          གདུགས་དཀར་ཚང་གི་ལོ་ལོན་ལ་གུས་བཀུར་བྱེད་པ་དང་བཟའ་མི་འགྲིག་མཐུན་ཡོང་བ། བྱིས་པ་ཟུང་གི་སློབ་སྦྱོང་དུས་རྟག་ཏུ་དམ་འཛིན་བྱེད་པའི་སྲོལ་བཟང་དེ་བོད་མིའི་སྲོལ་རྒྱུན་གྱི་མཛེས་པ་ཞིག་རྒྱུན་བསྲིངས་པའི་མཚོན་རྟགས་ཤིག་ཡིན་ལ་ཐེངས་འདིའི་ཆེས་མཛེས་པའི་ཁྱིམ་ཚང་འགྲན་སྡུར་གྱི་བྱ་འགུལ་གྱི་དགོངས་གཞི་དང་ཡོངས་ས་མཐུན་པ་ཞིག་ཀྱང་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...