སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྱིས་པའི་འཛུམ་མདངས། མ་འོངས་རེ་སྨོན།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-13 15:30:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་པ་ལྟར་ན། སྤྱི་ཟླ6པའི་ཚེས11ཉིན། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨེར་སྟི་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་གསར་འཛུགས་དང་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་བྱ་འགུལ་དེ་སློབ་གྲྭའི་རྩལ་སྦྱོང་ར་བ་ནས་སྤེལ།
     དེ་ཡང་འགྲོས་མཉམ་པའི་རོལ་དབྱངས་དང་ལྷན་དུ་འཛིན་གྲྭ་སོ་སོ་རུ་ཁག་རེ་རེར་བགར་ཏེ་སློབ་གྲྭའི་ལུས་རྩལ་ར་བར་འཛོམས་པ་དང་། དེ་ནས་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་གཏམ་བཤད་སྤེལ་རྗེས། ན་ཆུང་རྡུང་ལེན་རུ་ཁག་གིས་སྐུ་མགྲོན་དང་མགོ་ཁྲིད་དག་ལ་སྐེ་དཀྲིས་དམར་པོ་བཏགས་ནས་རང་སེམས་མཚོན་པར་བྱས་པའི་དུས་མཚུངས་སུ། ཕུལ་བྱུང་དགེ་རྒན་བཅས་ལ་བྱ་དགའ་གནང་བ་རེད།
     དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་ལ་གླུ་དང་གླུ་དབྱངས། རྡུང་ལེན། ཞབས་བྲོ་སོགས་ཡོད་ལ། དེ་ལསཨ་མའི་བྱམས་བརྩེཞེས་པའི་ཞབས་བྲོ་ལས་སློབ་མ་དག་གིས་ཕ་མ་དང་དགེ་རྒན་གྱི་དྲིན་ལན་འཇལ་བའི་སེམས་པ་མཚོན་ལ། རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཀྱིས་རྒྱ་ཆེའི་ལྟད་མོ་བ་དང་། ཁྱིམ་བདག་རྣམས་ཀྱི་བློ་ཡིད་ཚིམས་པར་བྱས།

     ཐེངས་འདིའི་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་འདི་བརྒྱུད་ནས། སློབ་མ་དག་གིས་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་ལས་མཚོན་པའི་རང་སྟེང་གི་འཇོན་ནུས་གང་ཡོད་འདོན་སྤེལ་བྱས་པར་མ་ཟད། སློབ་རའི་ཁོར་ཡུག་ཀུན་ལ་རིག་གནས་སྒྱུ་རྩལ་གྱི་མཁའ་དབུགས་སྟུག་པོ་ཞིག་ཆགས་ཤིང་། མ་འོངས་པར། ཁོ་ཚོ་འཚར་ལོངས་བྱུང་རྗེས་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་མི་སྣ་བཟང་བོ་ཞིག་བྱེད་པའི་ཆོད་སེམས་ཀྱིས་ཡོངས་སུ་ཁེངས་འདུག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...