སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་སྤྱི་བདེ་ཅུས་ཀྱིས་མེ་མདའ་བསྡུ་ལེན་གྱི་བྱ་བ་སྤེལ་བ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-14 11:26:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།མང་རྫོང་གིས་ཁྲིམས་འགལ་གྱི་མེ་མདའ་དང་འགད་རྫས་རིགས་བཀག་འགོག་བྱས་ནས་རང་རྫོང་གི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་བྱ་ཆེད། སྤྱི་ཟླ6པའི་ཚེས12ཉིན། མང་རྫོང་སྤྱི་བདེ་ཅུས་ཀྱིས་གོང་རིམ་བྱ་བའི་རེ་བ་ལྟར་མེ་མདའི་རིགས་བསྡུ་ལེན་དང་བཀག་འགོག་བྱེད་པ་དེ་ བྱ་བའི་གཙོ་བར་བཟུང་ནས་བཀོད་བསྒྲིགས་ཞིབ་ཚགས་བྱས་ཏེ་བྱ་བའི་འགོ་བརྩམས།
     མངག་གཏོང་ཁང་སོ་སོ་ནས་སྟོབས་ཤུགས་རྩ་འཛུགས་བྱས་ནས་རང་མངའ་ཁོངས་ས་ཁུལ་སོ་སོར་ཁྱབ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་བ་དང་། ད་དུང་མང་ཚོགས་ལ་རང་འགུལ་གྱིས་བྱ་བ་འདིར་ཞུགས་ནས་ཁྲིམས་འགལ་མེ་མདའ་གཞུང་སྤྲོད་དང་ཁུངས་སྣེ་གཏུག་བཤེར་བྱེད་རྒྱུར་སྐུལ་འདེད་བྱས།
     ད་བར་དུ་ཐུར་ཤུལ་རྟ་ལུང་ནས་མེ་མདའ་གཅིག བྱ་མདོ་ཅོག་ར་ནས་མེ་མདའ་གཅིག་དང་མདའ་རྡེའུ25གཞུང་སྤྲོད་བྱས། རྗེས་སོར་རྫོང་སྤྱི་བདེ་ཅུས་ཀྱིས་མུ་མཐུད་དུ་ཁྲིམས་འགལ་མེ་མདའ་བསྡུ་ལེན་གྱི་བྱ་བ་སྤེལ་རྩིས་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...