སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲོག་གཏོང་མཛད་སྒོ་སྤེལ་བ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-14 11:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
      གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ6པའི་ཚེས13ཉིན། མང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲོག་གཏོང་མཛད་སྒོ་བསྡུས། ཞིང་ཆེན་དང་ཁུལ་གྱི་རླུང་བརྙན་འཕྲིན་ཁང་གི་འགོ་ཁྲིད་དང་། རྫོང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིདལས་བྱེད་མང་ཚོགས་བཅས100ལྷག་མཛད་སྒོར་ཞུགས་ལ། མང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གསར་དུ་བཙུགས་པའི་བརྙན་འཕྲིན་དང་རྒྱང་སྒྲོག་ལེ་ཚན་གཅིག ཁུལ་དང་རྫོང་ས་ཁུལ་གྱི་ལེ་ཚན་སྒྲོག་གཏོང་གཉིས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་བརྒྱུད་གཏོང་ལེ་ཚན་བཞི་བཅས་དངོས་སུ་གཏོང་འགོ་བརྩམས་པ་རེད།
      བྱ་བཞག་འདིས་གོམ་གང་མདུན་སྤོས་ཀྱིས་རྫོང་ཡོངས་ཀྱི་དཀྱིལ་སྙིང་བྱ་བ་དང་ཏང་ཨུ་སྲིད་གཞུང་གི་བྱ་བའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་གང་ལེགས་བྱས་པ་དང་། མུ་མཐུད་དུ༼གསར་འགྱུར་མཉམ་སྒྲོག༽དང༼ཀུན་སྤྱོད་དང་ཁྲིམས་ལུགས༽༼སྲིད་གཞུང་གི་ལས་རིགས་སྤྱོད་སྟངས་ཐད་གཏོང༽ སོགས་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་སྤུས་ལེགས་ལེ་ཚན་སྤེལ་རྒྱུ་ནི་ཏང་དང་མི་དམངས་བར་གྱི་སྦྲེལ་ཐག་ལྟ་བུ་ཡིན་ལ། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་མཉམ་སྐྱོད་ལ་ནུས་པ་གལ་ཆེན་ཐོན་ཀྱི་ཡོད།
                                                                                                                                                                            འབྲེལ་ཡོད་པར་རིས་ཁག
རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
འགོ་ཁྲིད་རྣམས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་ལྟ་ཞིབ་བྱེད་པ།
མཛད་སྒོའི་སྟེང་གི་འཁྲབ་སྟོན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...