སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐབས་དང་པོའི་བོད་ཁུལ་འཛུགས་སྐྲུན་ཤུལ་བཞག་སྲུང་སྐྱོབ་དང་གྲུང་འགྱུར་གླེང་སྟེགས་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-20 10:51:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      ཉེ་ཆར། སྐབས་དང་པོའི་བོད་ཁུལ་འཛུགས་སྐྲུན་ཤུལ་བཞག་སྲུང་སྐྱོབ་དང་གྲུང་འགྱུར་གླེང་སྟེགས་དེ་བོད་ལྗོངས་རྒྱལ་རྩེ་རུ་སྤེལ་ཞིང་། ཐེངས་འདིའི་གླེང་སྟེགས་ནི་ཡུལ་དངོས་རྟོག་ཞིབ་དང་། ཆེད་དོན་སྙན་ཞུའི་འཆད་ཁྲིད། བགྲོ་གླེང་སོགས་འདུས་ལ། རྒྱལ་ཡོངས་ས་ཆ་སོ་སོའི་བོད་ལྗོངས་ཀྱི་གནའ་བོའི་འཛུགས་སྐྲུན་སྲུང་སྐྱོབ་དང་གྲུང་འགྱུར་སོགས་འབྲེལ་ཡོད་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པ20ལ་ཉེ་བ་འཛོམས་ཡོད།
      གླེང་སྟེགས་སྟེང་། ཤེས་ཡོན་པ་རྣམས་ཀྱིས《རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་སྲུང་སྐྱོབ་ཞིབ་འཇུག》དང་། 《ཀྲུང་གོའི་སྲོལ་རྒྱུན་སྡེ་བ་དང་གྲོང་རྡལ་གྲགས་ཅན་སྲུང་སྐྱོབ་འཆར་ཇུས་ཞིབ་འཇུག》《བོད་ལྗོངས་རྒྱལ་རྩེ་ལྡེབས་རིས་སྲུང་སྐྱོབ་དང་གསོ་བཅོས》《དགེ་བཤེས་ལྷ་ཁང་དང་བལ་ཡུལ་གཟིམ་ཤག་སྔོན་མའི་ལྡེབས་རིས་རྟོག་དཔྱད་དབྱེ་ཞིབ》《རྒྱལ་རྩེའི་རྒྱབ་ཕྱོགས་ཞེས་སྲོལ་རྒྱུན་འཛུགས་སྐྲུན་གྱི་ཁྱད་ཆོས་དང་ནད་གཞི་རྟོག་ཞིབ》སོགས་འཆད་ཁྲིད10ལྷག་སྤེལ། རྒྱལ་རྩེ་རྫོང་གི་ལས་ཁུངས་སོ་སོའི་འབྲེལ་ཡོད་མི་སྣ40ལྷག་ཐེངས་འདིའི་གླེང་སྟེགས་སུ་ཞུགས་པ་མ་ཟད་ཆེད་མཁས་པ་དག་དང་མཉམ་དུ་རྒྱལ་རྩེའི་གནའ་བོའི་འཛུགས་སྐྲུན་སྔར་ལས་ལུགས་མཐུན་སྒོས་སྲུང་སྐྱོབ་དང་གྲུང་འགྱུར་གྱི་བྱེད་ཐབས་བགྲོ་གླེང་། ཚོགས་ཞུགས་མི་སྣས་བསྟན་པ་ལྟར་ན། ཐེངས་འདིའི་བགྲོ་གླེང་གིས་རྒྱལ་རྩེའི་གནའ་བོའི་འཛུགས་སྐྲུན་སྲུང་སྐྱོབ་དང་འཕེལ་རྒྱས་ཕྱོགས་ལ་ཟུར་ལྟའི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...