སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞིའི་རྨང་འདིང་མཛད་སྒོ་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-24 17:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

 
མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞིའི་རྨང་འདིང་མཛད་སྒོ་བསྡུས་པ།

     སྤྱི་ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞིའི(ཡོངས་འཛིན་གྲངས་མཛོད་ཆེན་མོའི་ལྟེ་གནས)རྨང་འདིང་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་གསར་ཁུལ་དུ་བསྡུས་ཤིང་། མཚོ་ལྷོ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཁུལ་དཔལ་འབྱོར་ཚོང་ལས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང། ཁུལ་འཛུགས་སྐྲུན་ཅུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་དག་གདན་ཞུ་ལྟར་རྨང་འདིང་མཛད་སྒོར་ཞུགས།


མཚོ་ལྷོ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དགེ་འདུན་རྒྱལ་གྱིས་ཤིས་ཚིག་ཕུལ་བ།
    མཚོ་ལྷོ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དགེ་འདུན་རྒྱལ་གྱིས་ཤིས་ཚིག་ཁྲོད་གསུངས་དོན། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞི(ཡོངས་འཛིན་གྲངས་མཛོད་ཆེན་མོའི་ལྟེ་གནས)ནི་ཕྱི་དབྱིབས་ཁྱད་དུ་འཕགས་ཤིང་རྣམ་པ་གསར་བའི་ས་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཡིན་པའི་ཆ་ནས་སང་ལོར་ལེགས་འགྲུབ་འབྱུང་ངེས་ཤིང་། ལས་གཞི་འདིའི་ལས་མགོ་འཛུགས་པར་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞིང་གི་འགོ་ཁྲིད་དང་འབྲེལ་ཡོད་བྱ་བའི་སྡེ་ཁག་གི་ཐུགས་ཁུར་དང་རྔུལ་ཆུ་བཏོན་ཡོད་ཅིང་། ཇུས་འགོད་དང་རྩད་ཞིབ་ཐིག་ལེན། དེ་ནས་འཛུགས་སྐྲུན་གྱི་ལས་མགོ་རྩོམ་པ་བཅས་ནས་ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པ། ཆུ་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་གྱི་བྱ་བའི་ཕྱོགས་སོ་སོ་ལེགས་འགྲུབ་འབྱུང་དགོས། མ་འོངས་པར་མཚོ་ལྷོ་ཁུལ་གྱི་ཆ་འཕྲིན་ཅན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་གྲངས་མཛོད་ཆེན་མོའི་ཐོན་ལས་སྐུལ་སྤེལ་བྱེད་པར་ནུས་པ་ཆེན་པོ་ཐོན་ངེས།

མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་ལོ་ཡིས་ཡོངས་འཛིན་
གྲངས་མཛོད་རྟེན་གཞིའི་གནས་ཚུལ་མཚམས་སྦྱོར་གནང་བ།
    མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་ལོ་ཡིས་རྨང་འདིང་མཛད་སྒོའི་སྟེང་གསུངས་རྒྱུར། ལས་གཞི་འདིའི་འཛུགས་སྐྲུན་ལས་ཁུངས་ཡིན་པའི་ཆ་ནས། མགོ་བརྩམས་མ་ཐག་ནས་ང་ཚོས་མི་ཤུགས་དང་དངོས་ཤུགས་གང་མང་བཏང་ཡོད་ཅིང་། ཇུས་འགོད་ཀྱི་ཐད་ནས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཇུས་འགོད་ལས་ཁུངས་གདན་འདྲེན་སྒོས་འཛུགས་སྐྲུན་ལ་ཇུས་འགོད་བྱེད་དུ་བཅུག་པ་དང་། ལས་གཞིའི་བཟོ་བཀོད་ལྟ་ཞིབ་པའི་ཐད་ནས་ཞིང་ཆེན་དུ་མིང་གྲགས་ལྡན་པའི་ལྟ་ཞིབ་ལས་ཁུངས་དང་མཉམ་འབྲེལ་སྒོས། བཟོ་བཀོད་ཀྱི་སྤུས་དག་ལ་ཁག་ཐེག་བྱེད་པ་ཡིན། ཨར་ལས་སྡེ་ཁག་སྟེ་ཧོང་ཞིན་ཀུང་ཟིས་སྤྱི་བསྒྲགས་དམིགས་འགུག་སྒོས་དམིགས་འགོད་ཀུང་ཟི13ལས་གཟེངས་སུ་ཐོན་པས། ང་ཚོས་ཨར་ལས་སྡེ་ཁག་གིས་སེམས་ཞིབ་མོས་འཛུགས་སྐྲུན་གནང་སྟེ་ཕུལ་བྱུང་གི་བཟོ་བཀོད་ཅིག་འཁྱོངས་པ་མ་ཟད་སྤུས་ཚད་ཁག་ཐེག་ཡིན་པའི་སྔོན་འགྲོའི་འོག་སྔོན་དཔགས་ཀྱི་མྱུར་ཚད་དམིགས་འབེན་དུ་ཐོན་པར་ཞུ།

ཨར་ལས་སྡེ་ཁག་གི་འཐུས་པ་ཧོང་ཞིན་འཛུགས་སྐྲུན་བཟོ་བཀོད་ཚད་ཡོད་ཀུང་ཟིའི་
སྤྱི་ཁྱབ་འགན་འཛིན་པས་བཟོ་སྐྲུན་འཆར་བཀོད་མཚམས་སྦྱོར་གནང་བ།
    ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞི(ཡོངས་འཛིན་གྲངས་མཛོད་ཆེན་མོའི་ལྟེ་གནས)ནི་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་སྒྲུབ་ཁང་ཡིན་ཞིང་། སྤྱིའི་མ་དངུལ་སྒོར་ཁྲི7782བཏང་ཞིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ16917ཡིན། དེར་ཡོངས་འཛིན་གྲངས་མཛོད་ལྟེ་གནས་དང་། ཐོན་རྫས་མྱོང་ཚོར་ལྟེ་གནས། གྲངས་མཛོད་གསོ་སྦྱོང་ལྟེ་གནས་བཅས་སུ་དབྱེ་ཞིང་། ས་འོག་ཐོག་བརྩེགས་གཅིག་དང་ས་སྟེང་ཐོག་བརྩེགས་གསུམ་ཡོད། འཆར་འགོད་ལྟར་ན་ད་ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་གྱི་ཕྱི་དབྱིབས་འགྲུབ་སྟེ་ཀླད་འགེབ་པ་དང་། སང་ལོའི་ལོ་མཇུག་ཏུ་ཡོངས་སུ་ལེགས་འགྲུབ་བྱེད་པ་མ་ཟད་བེད་སྤྱོད་གཏོང་ཐུབ་པར་བྱེད།

རྟེན་གཞིའི་འཛུགས་སྐྲུན་མགོ་རྩོམ་མཛད་སྒོའི་ཡུལ་དངོས།
    ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞི(ཡོངས་འཛིན་གྲངས་མཛོད་ཆེན་མོའི་ལྟེ་གནས)ལེགས་འགྲུབ་བྱུང་རྗེས་ཡོངས་འཛིན་འཚོལ་བཤེར་གྱི་ཁྱད་འཕགས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་ངེས་ཤིང་། བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ཐོག་མར་ཡོངས་འཛིན་འཚོལ་བཤེར་གྱི་ལག་རྩལ་ནུས་ཤུགས་ཇེ་དྲག་དང་ཚོང་རྟགས་གྲགས་ཅན་ཁྱབ་སྤེལ། ཆེད་ལས་དཔུང་སྡེ་ཇེ་ཆེ་སོགས་ཀྱི་ཐད་ནས་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ཐོན་ཐུབ། དེ་ནས་རྟེན་གཞི་འཛུགས་སྐྲུན་ལ་བརྟེན་ནས་རང་ཁུལ་གྱི་གློག་རྡུལ་ཐོན་ལས་འཕེལ་རྒྱས་སྟེགས་བུ་བསྐྲུན་པ་དང་། ཡོངས་འཛིན་མྱོང་ཚོར་ལྟེ་གནས་འཛུགས་པར་བརྒྱུད། བོད་ཡིག་གློག་རྡུལ་ཐོན་རྫས་འགྲེམ་སྟོན་དང་ཐོན་རྫས་གསར་བ་ཁྱབ་སྒྲོག ཞིབ་འཇུག་གསར་སྤེལ་གསར་འདོན་མཉམ་སྤྱོད། ཐོན་རྫས་སྤྱོད་ནུས་མྱོང་ཚོར་བཅས་གཞི་གཅིག་ཏུ་སྒྲིལ་བའི་ཐོན་རྫས་གསར་རྣམ་ཕྱིར་ཚོང་རྣམ་པ་གྲུབ་སྟེ། རང་ཁུལ་གྱི་མཐུན་སྦྲེལ་དྲ་བའི་ཚན་རྩལ་གསར་སྐྲུན་སྐུལ་འདེད་དུ་གཏོང་བ་དང་བོད་ཡིག་ཆ་འཕྲིན་ཅན་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བ། གཞན་ཡང་། བོད་ཁུལ་གྱི་ཆ་འཕྲིན་ཅན་དང་མཐུན་སྦྲེལ་དྲ་བའི་ཁྲོད་ཁེ་ལས་འབྲིང་ཆུང་རྟེན་གཞི་འདིར་གནས་བཅའ་བ་དང་། ཚན་ཞིབ་སྔོག་འདོན་འདོན་སྤྲོད། གསོ་སྦྱོང་། ཁྱབ་སྤེལ་སོགས་ཆ་རྐྱེན་གྱིས། ཁེ་ལས་འབྲིང་ཆུང་མགྱོགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཏེ། རང་རྐྱ་འཕར་བ་དང་། གསར་སྐྲུན། ཕན་ནུས་མཐོ་བའི་སློབ་སྦྱོང་རང་བཞིན་གྱི་ལས་སྐྲུན་ཁོར་ཡུག་མངོན་འགྱུར་སྒོས་མཚོ་ལྷོ་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་གོ་རིམ་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།
    མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནི2009ལོའི་ཟླ6པར་བཙུགས་ཤིང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་མངའ་རུ་གཏོགས་པའི་སྤྱི་ཕན་རང་བཞིན་གྱི་ལས་དོན་སྡེ་ཚན་ཞིག་ཡིན་ཞིང་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་འབད་པ་དང་། བོད་ཡིག་ཆ་འཕྲིན་གྱི་ཐོན་ཁུངས་སྔོག་འདོན་དང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཞིབ་འཇུག་གྲུབ་འབྲས་ཀྱི་ལག་རྩལ་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་བྱེད་པ་མ་ཟད། མཐུན་སྦྲེལ་དྲ་བའི་ལག་རྩལ་བེད་སྤྱོད་སྒོས་མཚོ་སྔོན་པོ་དྲ་བ་འཛུགས་སྐྲུན་གནང་ཞིང་རང་ཉིད་ཀྱི་ཤེས་བྱའི་ཐོན་དབང་ཡོད་པའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་བསྐྲུན། འདིས་མཚོ་ལྷོ་ཁུལ་གྱི་མཚན་སྙན་གྲགས་མཐོར་འདེགས་དང་། བོད་ཁུལ་གྱི་སྤྱི་ཚོགས་དེང་རབས་ཅན་གཞན་སྒྱུར་ཇེ་མགྱོགས། རིག་གནས་ཕུན་སུམ་ཇེ་ཚོགས། མི་རིགས་མཐུན་སྒྲིལ་དང་ཕྱི་ཕྱོགས་སུ་འབྲེལ་འདྲིས་སོགས་ཀྱི་ཕྱོགས་མང་པོའི་ཐད་ནུས་པ་ཆེན་པོ་ཐོན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...