སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་འཚོལ་བཤེར་གྱིས་བདེ་འཇགས་ཐད་སྤྱད་པའི་བྱེད་ཐབས་དང་ཕན་ནུས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-22 9:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     2017ལོ་ནི་ཡོངས་འཛིན་འཚོལ་བཤེར་འཁོར་སྐྱོད་དུས་རིམ་གྱི་ལོ་གཉིས་པ་ཡིན་ལ། དྲ་རྒྱ་འཁོར་སྐྱོད་ལེགས་པོ་བྱེད་པའི་ཤུགས་སུ་ལྷག་ཏུ་འབད་བརྩོན་བྱེད་དགོས་པ་ཞིག་ནི་མ་ལག་དང་ཆ་འཕྲིན་གྱི་བདེ་འཇགས་སྲུང་རྒྱུ་དེ་ཡིན། མིག་སྔའི་བར་ཡོངས་འཛིན་ཞབས་ཞུའི་འཕྲུལ་ཆས་ལ་བསྡོམས་པས་རྒྱལ་ཁབ་ཕྱི་ནང་ནས་ཞེ་ནག་ཚུར་རྒོལ་ཐེངས80684ཐེབས་ནའང་ཡོངས་སུ་བདེ་བླག་ངང་བཀག་འགོག་བྱེད་ཐུབ་བྱུང་ཞིང་། ཐེངས་གཅིག་ལའང་དྲ་རྒྱའི་བདེ་འཇགས་དོན་རྐྱེན་བྱུང་མ་མྱོང་།
     ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྟེགས་བུའི་འཛུགས་སྐྲུན་ལས་གཞི་ནི་འཚོལ་བཤེར་དང་། རིག་མཛོད། དྲིས་ལན་བཅས་གཞི་གཅིག་ཏུ་སྒྲིལ་བའི་བོད་ཡིག་གི་གཞུང་ཕྱོགས་མ་ལག་བཟོ་བཀོད་ཆེན་མོ་ཞིག་ཡིན་ལ། ཡོངས་འཛིནIDCའཕྲུལ་ཁང་ནི་ཡོངས་འཛིན་འཚོལ་བཤེར་མ་ལག་གི་ནང་ཉིང་བདེ་འཇགས་འདེགས་སྐྱོར་ཡིན་པའི་ཆ་ནས། ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་འཚུབ་བསྟུན་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། གྲངས་མཛོད་ལྟེ་གནས་ལ་རིམ་སྤར་དང་བདེ་འཇགས་སྲ་བརྟན་ལྟ་བཤེར་སོགས་བྱས་པ་མ་ཟད། 《ཆ་འཕྲིན་བདེ་འཇགས་ཀྱི་སྤྱིའི་འཚུབ་བསྟུན་ཇུས་གཞི》དང《དྲ་རྒྱའི་བདེ་འཇགས་དོན་རྐྱེན་འཚུབ་བསྟུན་ཐབས་ཇུས》སོགས་དྲ་རྒྱའི་བདེ་འཇགས་ལམ་ལུགས་མང་པོ་བཟོས་ཏེ་ལག་བསྟར་གནང་ལ། གཟབ་ནན་སྒོས་ལམ་ལུགས་དོ་དམ་དང་མཉེན་ཆས་དང་མཁྲེགས་ཆས་སྒྲིག་ཆས་སྲུང་སྐྱོབ་བྱེད་པ་ལྟར། ཉིན་རེར་ཆུ་ཚོད24ཡི་ལས་རེས་འཁོར་ནས་ལས་རིགས་ཀྱི་མ་ལག་གཏན་འཇགས་དང་གཤིས་ནུས་ལེགས་པོའི་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་སྒོས་སྔར་ལས་ལྷག་པར་རྒྱ་ཆེ་བའི་དྲ་དམངས་ཀྱི་དུས་ལྟར་འཚོལ་བཤེར་དང་བདེ་བླག་ངང་ནང་འཛུལ་བྱེད་པར་ཞབས་ཞུ་ལེགས་པོ་བསྒྲུབ།

ཡོངས་འཛིན་ལག་རྩལ་པུའུ།
    ཡོངས་འཛིན་ཕྱོགས་ཀྱིས་བདེ་འཇགས་བྱང་ཚད་ལྡན་པའི་ཆ་འཕྲིན་བདེ་འཇགས་ཀུང་ཟི་གདན་ཞུ་སྒོས་ཡོངས་འཛིན་འཚོལ་བཤེར་མ་ལག(རིམ་གསུམ)དང་མཚོ་སྔོན་པོ་དྲ་རྒྱའི(རིམ་གཉིས)བདེ་འཇགས་འགོག་སྲུང་ལ་ཚོད་དཔྱད་དང་དཔྱད་འཇོག་གནང་། 《GB/T 22239-2008 ཆ་འཕྲིན་བདེ་འཇགས་ལག་རྩལ་དང་ཆ་འཕྲིན་མ་ལག་བདེ་འཇགས་རིམ་གྲས་སྲུང་སྐྱོབ་ཀྱི་གཞི་རྩའི་རེ་འདུན》ལྟར། རིམ་གསུམ་མ་ལག(S3A3G3)གི་འགོག་སྲུང་རེ་འདུན་ལ། ལག་རྩལ་ཐད་ཀྱི་དངོས་ལུགས་བདེ་འཇགས་དང་། དྲ་རྒྱའི་བདེ་འཇགས། གཙོ་འཕྲུལ་བདེ་འཇགས། ཉེར་སྤྱོད་བདེ་འཇགས། གཞི་གྲངས་བདེ་འཇགས། གྲབས་ཉར་སླར་གསོ་བཅས་དང་། དོ་དམ་ཐད་ཀྱི་བདེ་འཇགས་དོ་དམ་ལམ་ལུགས་དང་། བདེ་འཇགས་དོ་དམ་ལས་ཁུངས། མི་སྣའི་བདེ་འཇགས་དོ་དམ། མ་ལག་འཛུགས་སྐྲུན་དོ་དམ། མ་ལག་འཁོར་སྐྱོད་བདེ་སྲུང་དོ་དམ་སོགས་བསྡོམས་པས་ཕྱོགས་བཅུ་ནས་དཔྱད་འཇོག་ཚོད་དཔྱད་བྱས། དུས་མཉམ་དུ། ཞབས་ཞུའི་ཕྱོགས་ཀྱིས་ཀྱང་རང་འགུལ་སྒོས་ཡོངས་འཛིན་མ་ལག་འཛུགས་སྐྲུན་བྱེད་པའི་ཆེད་མཁས་པ་དང་བཟོ་བཀོད་པས་ཡོངས་འཛིན་གྲངས་མཛོད་ལྟེ་གནས་ཀྱི་ད་སྔའི་སྒྲིག་ཆས་དང་མ་འོངས་མཁོ་འདོན་བྱེད་འཐུས་པའི་གཞི་གྲངས་བེད་སྤྱོད་དང་གཞི་གྲངས་གྲབས་ཉར། གཞི་གྲངས་བདེ་འཇགས་སོགས་ཀྱི་ཐད་ལ་ཏུའུ360ཡི་ལྟ་བཤེར་བྱེད་པར་ཞུགས་ཏེ་ཞིབ་དཔྱོད་དང་བཤེར་རྩིས་ལེགས་པོར་བགྱིས་ལ། རིམ་སྤར་སྲ་བཅོས་ཀྱི་བསམ་ཚུལ་མི་ཉུང་བ་བཏོན།

ཡོངས་འཛིན་འཚོལ་བཤེར་མ་ལག་གི་དོ་དམ་ལག་ལུགས་སྐོར།
ཡོངས་འཛིན་འཁོར་སྐྱོད་བདེ་སྲུང་གི་ནང་དོན།
     ཡོངས་འཛིན་འཁོར་སྐྱོད་བདེ་སྲོང་ཞབས་ཞུ་ལ། མ་ལག་དང་འབྲེལ་བའི་གཙོ་འཕྲུལ་་སྒྲིག་ཆས་དང་དྲ་རྒྱའི་སྒྲིག་ཆས། བདེ་འཇགས་སྒྲིག་ཆས། འགུལ་ཤུགས་ཁོར་ཡུག་ལྟ་ཚོད་སྒྲིག་ཆས། བཀོལ་སྤྱོད་མ་ལག་དང་ཉར་གསོག་སྒྲིག་ཆས་ཀྱི་འཁོར་སྐྱོད་བདེ་སྲུང་དང་། ཉིན་རྒྱུན་གྱི་མྱུལ་བཤེར་ཞབས་ཞུ་བཅས་འདུས་ཤིང་། ཡོངས་འཛིན་མཁྲེགས་ཆས་མ་ལག་གི་བདེ་ཐང་འཁོར་སྐྱོད་ཁག་ཐེག་དང་། ཡོངས་འཛིན་མ་ལག་གི་སྤྱིའི་འཁོར་སྐྱོད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་ཡིན་ལ། དུས་མཉམ་དུ་ཉིན་རྒྱུན་སྲུང་སྐྱོབ་བྱེད་པའི་གཞི་གྲངས་དང་ཟིན་ཐོ་ལྟར་ཡོངས་འཛིན་གྲངས་མཛོད་ལྟེ་གནས་ཀྱི་འཛུགས་སྐྲུན་འཆར་འགོད་དང་བསམ་འཆར་མཁོ་འདོན་བྱེད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ཡོངས་འཛིན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ཡིན།
     ཡོངས་འཛིན་མ་ལག་གིས་ལས་དོན་རོགས་འདེགས་སྲུང་སྐྱོབ་ཞབས་ཞུ་མཁོ་འདོན་བྱེད་ལ། དེར་ལས་དོན་མ་ལག་གི་དུས་སྔོན་ལས་དོན་རམ་འདེགས་དང་དུས་རྗེས་ལས་དོན་རམ་འདེགས་མཐུད་འཇུག་གཉིས་འདུས་ཤིང་། ལས་དོན་མ་ལག་ལ་ཆེད་ལས་ཀྱི་ལས་དོན་ཕྱོགས་སྟོན་དང་གསར་སྤེལ་ཕྱོགས་སྟོན་བྱས་ཏེ་ལས་དོན་མ་ལག་སོ་སོ་ཡོངས་འཛིན་གྱི་མ་ལག་ཏུ་སྦྲེལ་པར་སྟབས་བདེ་བསྐྲུན།
     ཡོངས་འཛིན་མ་ལག་གི་གྲུབ་ཆར་རིགས་གཉིས་དབྱེ་སྟེ། མཁྲེགས་ཆས་སྒྲིག་ཆས་དང་མཉེན་ཆས་མ་ལག་ཡིན། མཁྲེགས་ཆས་སྒྲིག་ཆས་ལ་དྲ་རྒྱའི་སྒྲིག་ཆས་དང་བདེ་འཇགས་སྒྲིག་ཆས། གཙོ་འཕྲུལ་་སྒྲིག་ཆས། ཉར་གསོག་སྒྲིག་ཆས། འཕྲུལ་ཁང་གི་འགུལ་ཤུགས་ཁོར་ཡུག་མ་ལག UPSརྗེས་གྲབས་གློག་ཁུངས་མ་ལག་བཅས་དང་། མཉེན་ཆས་མ་ལག་ལ་བཀོལ་སྤྱོད་མ་ལག་མཉེན་ཆས་དང་། དཔེ་ཚུལ་ཉེར་སྤྱོད་མཉེན་ཆས། ལས་དོན་ཉེར་སྤྱོད་མཉེན་ཆས། ལས་དོན་སོ་སོའི་ངོས་པང་མ་ལག  རྒྱབ་སྟེགས་དོ་དམ་མ་ལག་སོགས་སུ་དབྱེ།

ལས་སྒྲུབ་མི་སྣས་ཡོངས་འཛིནIDCའཕྲུལ་ཁང་གི་ཉིན་རྒྱུན་འཁོར་སྐྱོད་བདེ་སྲུང་བྱེད་པ།
     ཡོངས་འཛིན་གྲངས་མཛོད་ལྟེ་གནས་ཀྱིས་འཁོར་སྐྱོད་བདེ་སྲུང་གི་ནུས་ལྡན་དོ་དམ་བརྒྱུད། ཡོངས་འཛིན་མ་ལག་གི་དྲ་རྒྱའི་བདེ་འཇགས་བཏགས་གྲངས་མཐོར་འདེགས་སྒོས། སྤྱོད་མཁན་གྱི་ད་སྔའི་ཁོར་ཡུག་དང་། ཕུང་གྲུབ་སྒྲིག་གཞི། ITཐོན་ཁུངས་དང་དོ་དམ་བརྒྱུད་རིམ་གྱི་ཁྱད་ཆོས་སོགས་དང་སྦྱར་ནས། བརྒྱུད་རིམ་དང་མི་སྣ། ལག་རྩལ་གསུམ་གྱི་ཐད་ནས་དྲ་རྒྱའི་ཆ་འཕྲིན་མ་ལག་གི་སྒྲིག་གཞི་འཆར་འགོད་བྱེད་པ་ཡིན།
     འཁོར་སྐྱོད་བདེ་སྲུང་གི་ཕན་ནུས་ནི་ཡོངས་འཛིན་གྱི་ད་སྔའི་མ་ལག་གི་རྨང་གཞིའི་ཐོན་ཁུངས་ལ་ལྟ་ཚོད་དང་དོ་དམ་བྱེད་པ་དང་། མྱུར་དུ་དྲ་རྒྱའི་ཆ་འཕྲིན་མ་ལག་ཐོན་ཁུངས་ཀྱི་གནས་བབ་དང་སྒྲིག་སྦྱོར་ཆ་འཕྲིན་རྒྱུས་ལོན་སྒོས། ཡོངས་འཛིན་མ་ལག་ཐོན་ཁུངས་ཀྱི་སྤྱོད་འཐུས་རང་བཞིན་གནས་ཚུལ་དང་བདེ་ཐང་གནས་ཚུལ་ཡར་ཞུ་བྱེད་ཅིང་། ཤེས་ནུས་དང་དཔག་ནུས་པའིITཁོར་ཡུག་ཅིག་བསྐྲུན་ཏེ། ཡོངས་འཛིན་མ་ལག་གི་ལས་དོན་སོ་སོའི་ཉེར་སྤྱོད་མ་ལག་ལ་བློ་བདེ་བ་དང་། དེའི་ནུས་ཆེན་དང་། རྒྱུན་མཐུད། བདེ་འཇགས་འཁོར་སྐྱོད་བཅས་ལ་ཁག་ཐེག་བྱེད་པ་ཡིན།
     ཡོངས་འཛིན་གྱི་མི་རིགས་རིག་གནས་དང་རྒྱལ་ནང་གི་སྔོན་ཐོན་སོགས་དམིགས་བསལ་རང་བཞིན་གྱི་རྐྱེན་པས། ཡོངས་འཛིན་གྱི་དྲ་རྒྱའི་བདེ་འཇགས་ཐད་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་སོགས་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་གཟིགས་རྟོགས་གནང་ལ། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ཆེན་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། ཁུལ་སྤྱི་བདེ་ཅུའུ་སོགས་ལས་ཁུངས་གང་མང་གི་ལྟ་དཔྱད་དང་ཞིབ་བཤེར་དང་ལེན་བྱས་ཏེ། ཡོངས་འཛིན་གྱིས་ཉེན་གནས་ཟག་ཁུང་ཆེན་པོ་མེད་པ་དང་བདེ་འཇགས་ཀྱི་ཆད་སྐྱོན་ཆེན་པོ་མེད་པའི་རེ་འདུན་བསྐངས།
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...