སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས15པ་མགོ་བརྩམས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-30 10:11:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས།

     ཉེ་ཆར། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས15བ་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཕེབས་པ་རེད།
     འདི་ལོར་ཧྲན་ཏུང་ཞིང་ཆེན་དང་མཉམ་དུ་གཉེར་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་གཞིས་རྩེའི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ངོམ་སྟོན་དང་། གཞིས་རྩེའི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་གི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་འགྲེམས་སྟོན། གཞིས་རྩེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“ཇོ་མོ་གླང་མའི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། འབད་འཐབ་ལྷོད་མེད་བྱེད་པ། འབད་འབུངས་ཡར་བརྩོན་བྱེད་པ་བཅས་ཀྱི་བསམ་པའི་ཉམས་གྱུར་གཅིག་སྡུད་ཐོག་མངོན་པ། མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་གཅིག་སྡུད་ཐོག་མངོན་པ་བྱ་རྒྱུ་ཡིན་པ་རེད།
     སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་གཞིས་རྩེའི་ཚོགས་ར་གཙོ་བོ་དང་ཧྲན་ཏུང་གི་བྱེད་སྒོའི་གཟའ་འཁོར་གཉེར་རྒྱུ་དང་ཚོགས་ར་གཙོ་བོའི་བྱེད་སྒོ་ཉིན་བདུན་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོའི་རིང་ཧྲན་ཏུང་རིག་རྩལ་ཚོགས་པའི་ཆེད་དོན་འཁྲབ་སྟོན་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞིས་རྩེའི་གླུ་གར་འཁྲབ་སྟོན། ལས་གཏོད་གླེང་སྟེགས། གཉིས་གཏོད་རྣམ་གྲངས་འགྲན་བསྡུར་སོགས་བྱེད་སྒོ34སྤེལ་རྒྱུ་ཡིན་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...