སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་གཉིས་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྤར་བ།
རྩོམ་པ་པོ། ཀླུ་མོ་མཚོ་ཡིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-13 11:39:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
     སྤྱི་ཟླ9པའི་ཚེས8ཉིན། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་བོད་ཀྱི་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དང་བཀྲ་ཤིས་ལྷུན་དགོན་མཛེས་ལྗོངས་ཁུལ་གཉིས་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིར་སླེབས་ཡོད་པས། མཛེས་ལྗོངས་ཁུལ་འདི་ཉིདA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་འགྱུར་རྒྱུའི་ཆོག་མཆན་ཁྱབ་བསྒྲགས་བྱས་ཤིང་། དེས་ན་བོད་ལྗོངས་སུA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ4ཡོད་པ་དེ་དག་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་གཏོད་རྒྱུ་ཡིན་པ་རེད།
     ཚེས8ཉིན་རྒྱལ་ཡོངས་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་བྲག་གསུམ་མཚོ་དང་བཀྲ་ཤིས་ལྷུན་དགོན་ལA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བྱང་བུ་སྤྲད་པ་རེད། གསར་འགོད་པས་མཛེས་ལྗོངས་ཁུལ་གཉིས་པོའི་འགན་ཁུར་བར་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་གནས་སྐབས་སུ་ལེགས་སྒྲིག་བྱ་རྒྱུ་མ་རེད།
     བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་མིག་སྔར་བོད་ལྗོངས་ལ་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། ལྷ་སའི་གཙུག་ལག་ཁང་། ཉིང་ཁྲིའི་བྲག་གསུམ་མཚོ། གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་དགོན་བཅསA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ4ཡོད། བྲག་གསུམ་མཚོ་འདི་ཉིད་བོད་ལྗོངས་ཀྱིA5རིམ་པའི་སྐྱེ་ཁམས་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མར་འགྱུར་བ་དེས་བོད་ལྗོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་ཁྲིད་བྱ་རྒྱུ་རེད། ང་ཚོས་རིག་ལྡན་མཛེས་ལྗོངས་ཁུལ་དང་རིག་ནུས་བདེ་སྲུང་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་། འགྲིམ་འགྲུལ་ཁོར་ཡུག ཟས་སྡོད་ཆ་རྐྱེན་སོགས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད།
    ཀོང་པོ་རྒྱ་མདའ་རྫོང་ཨུའི་ཧྲུའུ་ཅི་སྐལ་ལྡན་ཕུན་ཚོགས་ཀྱིས་ང་ཚོས་ནུས་ཤུགས་ཡོད་དགུའི་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་མཛོད་བཙུགས་ཏེ་ཞིང་འབྲོག་པར་སྤུས་ལེགས་ཞག་སྡོད་དང་། སྤུས་ལེགས་རྐང་ཐང་བྱེད་སྒོ།  ལེ་ལག་ཚང་བའི་དྲེལ་པ་སོགས་གཉེར་རྒྱུར་ལྕག་སྐུལ་དང་རོགས་སྐྱོར་གྱིས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་བྱ་རྒྱུ་ཡིན”ཞེས་བཤད།
     བོད་ལྗོངས་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་ལ། ཉེ་བའི་ལོ་ལྔའི་རིང་། ས་གནས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ནུས་ཚད་དང་ཆུ་ཚད་མགྱོགས་མྱུར་ངང་མཐོར་འདེགས་སུ་འགྲོ་བཞིན་ཡོད་དེ། 2012ལོ་ནས2016ལོའི་བར་དུ། ས་གནས་ཀྱི་ལོ་གཅིག་གི་ཡུལ་སྐོར་བ་སྣེ་ལེན་བྱས་བ་དང་ཡུལ་སྐོར་སྤྱིའི་ཡོང་འབབ་མི་ཐེངས་ཁྲི1000ལྷག་དང་སྒོར་དུང་ཕྱུར120ལྷག་ནས་སོ་སོར་མི་ཐེངས་ཁྲི2300ལྷག་དང་སྒོར་དུང་ཕྱུར330ལྷག་ལ་འཕར་སྣོན་བྱུང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...