སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མ་དངུལ་སྒོར་དུང་ཕྱུར་6.6བཏང་ནས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་འཛུགས་བསྐྲུན་རྒྱ་བསྐྱེད་རྒྱུ།
རྩོམ་པ་པོ། ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-1 9:52:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།


བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་འཛུགས་བསྐྲུན་གྱི་པར་རིས།

     སྤྱི་ཟླ10པའི་ཚེས28ལ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་འཛུགས་བསྐྲུན་རྒྱ་བསྐྱེད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་ནས་དངོས་སུ་སྤེལ་བ་དང་། ལས་གཞི་འདི་ལ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར6.6བཏང་ནས་འཛུགས་བསྐྲུན་རྒྱ་བསྐྱེད་པའི་ལས་གཞི་དངོས་སུ་དབུ་བརྩམས། ཚོད་དཔག་བྱས་པ་ལྟར་ན། 2020ལོའི་མགོར་བཟོ་བསྐྲུན་གྱི་རྨང་གཞི་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་རེད།
     བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་འཛུགས་བསྐྲུན་རྒྱ་བསྐྱེད་པའི་བཟོ་བསྐྲུན་ནི་བོད་རང་སྐྱོང་ལྗོངས་ཀྱི་“བཅུ་གསུམ་ལྔའི་དུས་”ཀྱི་རིག་གནས་སྟོབས་ལྡན་གྱི་ལྗོངས་དང་རིག་གནས་བཟོ་བསྐྲུན་གྱི་ཏང་གི་ཇུས་བཟང་གི་ལངས་ཕྱོགས་རྨད་དུ་བྱུང་བ་ཞིག་ཡིན་པ་དང་། བཟོ་བསྐྲུན་གྱི་ས་ཁྱོན་ལ་ལི་སྨིད་གྲུ་བཞི་མ་ཁྲི་6.5ཡོད་པ་དང་། འཛུགས་བསྐྲུན་གྱི་རྒྱ་ཁྱོན་ལ་ལི་སྨིད་གྲུ་བཞི་མ་ཁྲི་5.8ཡོད་པ་རེད།
     རྒྱུས་ལོན་བྱས་པ་ལྟར་ན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་གཡས་གཡོན་གྱི་ལས་གཞི་ནི་སྔར་མའི་གནས་ལ་བརྟེན་ནས་རྒྱ་བསྐྱེད་རྒྱུ་རེད། འཆར་འགོད་ཀྱིས་འཛུགས་བསྐྲུན་གྱི་རྣམ་པ་སྔོན་མའི་རྣམ་པ་རྒྱུན་འཛིན་བྱེད་རྒྱུ་ཡིན་པ་དང་། འཛུགས་བསྐྲུན་གྱི་ཕྱིའི་རྣམ་པ་བོད་ཀྱི་སྲོལ་རྒྱུན་འཛུགས་བསྐྲུན་གྱི་ཁྱད་ཆོས་འཛིན་རྒྱུ་ཡིན་པ་རེད། རྒྱ་ཕིབས་ལ་དེང་རབས་རྒྱུ་ཆ་གསར་བ་སྤྱད་དེ་མཛེས་སྤྲས་དང་འོད་ལྡན་ནུས་པ་ཡོད་པ་ཞིག་ཏུ་གཏོང་རྒྱུ་ཡིན་ལ། རྣམ་པ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་གཉིས་ཀྱི་བར་གྱི་འཛམ་གླིང་གི་རིག་གནས་ཤུལ་ནོར་དང་གཅིག་མཐུན་བྱ་རྒྱུ་དེ་རེད།
     བོད་ལྗོངས་དངོས་མང་བཤམས་སྟོན་ཁང་ནི་བོད་ལྗོངས་ཀྱི་ཆེས་ཆེ་བའི་རིག་དངོས་བསྡུ་ཉར་གྱི་མ་ལག་གཙོ་བོ་ཞིག་ཡིན། བོད་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་རིམ་པ་དང་བོའི་དངོས་མང་བཤམས་སྟོན་ཡང་ཡིན་པ་རེད། རིག་དངོས་ལ་ཁྲི་52ཡོད་པ་དང་། དེ་རུ་རྫ་ཆས་དང་གཡུ། སངས་རྒྱས་ཀྱི་སྐུ་གཟུགས། ཐང་ག  གསུང་རབ་སོགས་ཁྱད་ཆོས་འཛོམས་པའི་རིག་དངོས་རྩ་ཆེན་མང་བོ་དང་། ཁྱད་པར་དུ་ཐམ་ག་དང་བཅའ་ཡིག་སོགས་ལོ་རྒྱུས་ཀྱི་ཤུལ་དངོས་རྩ་ཆེན་དག་ནི་མེས་རྒྱལ་སྐམ་ས་ཆེན་མོ་ནང་ཁུལ་དང་བོད་ལྗོངས་ས་གནས་བར་གྱི་འབྲེལ་འདྲིས་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་གལ་ཆེན་ཞིག་ཡིན།
     བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་འཛུགས་བསྐྲུན་རྒྱ་བསྐྱེད་རྗེས། རིག་དངོས་བདེ་འཇགས་དང་ཞིབ་འཇུག་བདེ་སྲུང་། འགྲེམས་སྤེལ་འགྲེམས་སྟོན། སློབ་གསོ་དྲིལ་སྒྲོག  ཞབས་ཞུའི་ཆུ་ཚད། བྱིས་པའི་ལུས་དཔྱད། ཤེས་རབ་ཀྱིས་ཕྱུག་པའི་དངོས་མང་བཤམས་སྟོན་ཁང་སོགས་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་དང་། “རིག་དངོས་འཕེལ་རྒྱས་དང་། དཔལ་ཡོན་རྒྱུན་འཛིན་”བྱེད་རྒྱུ་ཡིན་པ་རེད། སྤྱི་དམངས་ཀྱི་ཐུན་མོང་གི་རིག་གནས་ཞབས་ཞུའི་ཚུ་ཚད་མཐོར་འདེགས་དང་མི་དམངས་ཀྱི་ཁེ་ཕན། མཛེས་སྡུག་གི་འཚོ་བའང་དེ་མཚུངས་སུ་བསྐྲུན་རྒྱུ་ཡིན་པ་རེད། 
     བོད་ལྗོངས་གསར་བའི་དངོས་མང་བཤམས་སྟོན་ཁང་འཛུགས་བསྐྲུན་བྱས་པའི་རྗེས་སུ། བོད་ལྗོངས་ས་ཁུལ་གྱི་ཐུན་མོང་གི་རིག་གནས་ཞབས་ཞུའི་སྒྲིག་ཆས་འཛོམས་པའི་འཛུགས་བསྐྲུན། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ས་ཁུལ་དང་འཛམ་གླིང་གི་ལྗོངས་རྒྱུའི་དམིགས་འབེན་ས་ཁུལ། བོད་ལྗོངས་ཀྱི་ལོ་རྒྱུས་རིང་བོ་ལྡན་པའི་འོད་སྟོང་འབར་བའི་སྒེའུ་ཁུང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སློབ་གསོའི་ལྟེ་གནས་སུ་འགྱུར་རྒྱུ་རེད། དེ་དང་མཉམ་དུ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྷ་ས་གྲོང་ཁྱེར་གྱི་ “ཨེ་ཤ་ཡའི་ལྷོ་ཕྱོགས་”ཀྱི་“རྒྱུད་གཅིག་ལམ་གཅིག་”གི་འབྲེལ་ལམ་གསར་བ་ཞིག་ཏུའང་སྤེལ་རྒྱུ་ཡིན་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...