སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆོས་དབྱིངས་སྐྱིད་གཙོས་པའི་མཚོ་སྔོན་གྱི་ལུས་རྩལ་པ4རྒྱལ་ཁབ་ཀྱི་རུབ་འཛོམས་སྦྱོང་བརྡར་རུ་ཁག་ཏུ་བདམས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-9 11:22:00 རྩོམ་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།
     སྤྱི་ཟླ11པའི་ཚེས8ཉིན། གསར་འགོད་པས་ལུས་རྩལ་ཅུའུ་ནས་གནས་ཚུལ་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བྱ་བའི་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་བཀྲ་ཤིས་དབྱངས་འབུམ། ཀླུ་མོ་མཚོ། ཆོས་སྐྱིད་སྒྲོལ་མ་བཅས་མི་བཞི་རྒྱལ་ཁབ་ཀྱི་མཆོང་རྒྱུགས་འཕེན་གསུམ་གྱི་རུབ་འཛོམས་སྦྱོང་བརྡར་རུ་ཁག་ཏུ་འདེམས་ཐོན་བྱུང་།
     ཐེངས་འདིའི་རུབ་འཛོམས་སྦྱོང་བརྡར་ཀྱི་དུས་ཚོད་ནི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་གི་ཚེས་གཅིག་ཉིན་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་ཀྱི་ཚེས་སོ་གཅིག་བར་ཡིན་ལ། དམིགས་ཡུལ་གཅོ་བོ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུགས་འཕེན་གསུམ་གྱི་རྣམ་གྲངས་ལ་སྦྱོང་བརྡར་བྱེད་པ་དང་རང་རྒྱལ་གྱི་སྦྱོང་བརྡར་ནུས་བ་མཐོར་འདེགས་གཏོང་བ། ཉིས་སྟོང་ཉི་ཤུ་ལོའི་ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པ་བཅས་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...