སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་བྱ་འགུལ་རབས་དང་རིམ་པ་སྤེལ་མགོ་བརྩམས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-16 15:20:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་བྱ་འགུལ་གྱི་ཡུལ་དངོས་རྣམ་པ།

     འཆར་གཞི་ལྟར་ན། ད་ལོའི་ལོ་མཇུག་བར་དུ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་སྣེ་ཁྲིད་དེ་ཡོངས་འཛིན་གྱི་རྐང་འཛིན་ལས་སྒྲུབ་མི་སྣ8ཀྱིས་གྲུབ་པའི་དྲིལ་སྒྲོག་ཚན་ཆུང་གིས“དུས་རབས་གསར་བ་དང་བསམ་ཕྱོགས་གསར་བ། དམིགས་ཡུལ་གསར་བ། འཐབ་ལམ་གསར་བའི”ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་བྱ་འགུལ་རབས་དང་རིམ་པ་དེ་མཚོ་སྔོན་དང་སི་ཁྲོན། བོད་ལྗོངས། ཀན་སུའུ། ཡུན་ནན་སོགས་སུ་སྤེལ་འཆར་ཡོད།
     ཉེ་སྔོན། “དུས་རབས་གསར་བ་དང་བསམ་ཕྱོགས་གསར་བ། དམིགས་ཡུལ་གསར་བ། འཐབ་ལམ་གསར་བའི”ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་བྱ་འགུལ་རབས་དང་རིམ་པ་དེ་སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་དང་། མཚོ་སྔོན་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་བཅས་སུ་སྤེལ་མགོ་བརྩམས།


ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་ཡུལ་དངོས་རྣམ་པ།

     དྲིལ་སྒྲོག་བྱ་འགུལ་དེ་ཡོངས་འཛིན་འཚོལ་བཤེར་གྱི་ཁྱད་ལྡན་སྤྱོད་ནུས་ལ་གཞིགས་ཏེ། ཡོངས་འཛིནAPPཕབ་ལེན་དང་། སྤྱོད་མཁན་ཐོ་འགོད། གཞི་གྲངས་ཐོན་ཁུངས་ཡར་སྤྲོད་ཕྱོགས་ཀྱི་བྱེད་ཐབས་སོགས་ལ་ཡུལ་དངོས་ནས་ཆེད་དོན་མཚམས་སྦྱོར་བྱེད་པ་མ་ཟད། རྒྱ་ཆེ་བའི་དགེ་སློབ་རྣམས་ལ་ཡོངས་འཛིན་དྲིལ་སྒྲོག་ཤོག་ལྷེ་འགྲེམ་པ་དང་། ཡུལ་དངོས་ནས་ཇི་ལྟར་ཕབ་ལེན་དང་ཐོ་འགོད་བྱེད་སྟངས་སོགས་ཁྲིད་པ། འབྲེལ་འདྲིས་རྣམ་པས་བེད་སྤྱོད་མྱོང་ཚོར་གླེང་བ་ཡིན། ད་སྔའི་བར། མི་ཐེངས1000གི་ཡུལ་དངོས་དྲིལ་སྒྲོག་ལེགས་འགྲུབ་བྱུང་ཞིང་། དྲིལ་སྒྲོག་གི་ཕན་ནུས་ལེགས་པོ་ཐོན། དེས་ཀློག་ཚད་ཇེ་མང་དུ་སོང་བ་དང་། མི་ཐེངས་དུང་ཕྱུར3ལས་བརྒལ་ལ། ཉིན་རེའི་ཀློག་གྲངས་མི་ཐེངས་ཁྲི160ཡས་མས་སུ་སླེབས།


ཡོངས་འཛིན་གྱི་སྤྱོད་ནུས་འགྲེམ་པང་།

     ཞོལ་ནས། ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་བྱ་འགུལ་རབས་དང་རིམ་པ་དེ་མཚོ་ལྷོ་ཁུལ་དང་། རྨ་ལྷོ་ཁུལ། མཚོ་བྱང་ཁུལ། མཚོ་ནུབ་ཁུལ། དེ་མིན་མཚོ་ཤར་ས་ཁུལ་གྱི་མི་རིགས་སློབ་འབྲིང་དང་མི་རིགས་མཐོ་འབྲིང་བཅས་སུ་ཆེད་དོན་མཚམས་སྦྱོར་དང་དྲིལ་སྒྲོག་ཁྱབ་སྤེལ་བྱ་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...