སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་འགོ་གཙོ་སོགས་ཡོངས་འཛིན་འཚོལ་བཤེར་ལ་རྟོག་ཞིབ་ཏུ་ཕེབས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-21 9:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མི་དམངས་ཉིན་རེའི་ཚགས་པར་མཚོ་སྔོན་ཡན་ལག་ཁང་གི་འགོ་གཙོ་སྐོར་དང་བཅས་པ་ཡོངས་འཛིན་འཚོལ་བཤེར་ལ་རྟོག་ཞིབ་ཏུ་ཕེབས།

      ཉེ་ཆར། མི་དམངས་ཉིན་རེའི་ཚགས་པར་མཚོ་སྔོན་ཡན་ལག་ཁང་གི་འགོ་གཙོ་ཧུ་ཚུང་སྐོར་དང་བཅས་པ་མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཡེ་ཝན་པིན་གྱི་ཕེབས་རོགས་འོག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་དུ་ཡོངས་འཛིན་འཚོལ་བཤེར་ཐད་རྟོག་དཔྱད་གཟིགས་ཞིབ་གནང་།


ཡེ་ཝན་པིན(གཡོན)དང་ཧུ་ཚུང(གཡས)གཉིས་ཀྱིས་ཡོངས་འཛིན་འཚོལ་བཤེར་ལ་རྟོག་ཞིབ་བྱེད་པ།

     ཧུ་ཚུང་སྐོར་དང་བཅས་པས་མཚོ་ལྷོ་ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་རྩོམ་སྒྲིག་ཁང་དང་། གྲངས་མཛོད་ལྟེ་གནས། དྲ་རྒྱའི་ཇུས་འགོད་ཁང་སོགས་སུ་གཟིགས་ཞིབ་གནང་བ་མ་ཟད། མཚོ་ལྷོ་ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་དང་འགོ་གཙོ་གཞོན་པ་རྡོ་རྗེ་རབ་བརྟན་སོགས་དང་གླེང་མོལ་བྱས་ཏེ། ཡོངས་འཛིན་འཚོལ་བཤེར་གྱི་འཁོར་སྐྱོད་མཚམས་སྦྱོར་དང་སྤྱོད་ནུས་གཟིགས་སྟོན་ལ་གསན།
      གླེང་མོལ་གྲོས་ཚོགས་སུ། ཧུ་ཚུང་དང་ཡེ་ཝན་པིན། ཚེ་ལོ་སོགས་ཀྱིས་ཡོངས་འཛིན་འཚོལ་བཤེར་གྱི་དྲ་རྒྱའི་བདེ་འཇགས་དང་། མ་དངུལ་འཁོར་སྐྱོད། ནང་ཉིང་ལག་རྩལ་སོགས་ཀྱི་ཐད་ནས་གཏིང་ཟབ་པའི་འབྲེལ་འདྲིས་སྒོས། ཞིབ་ཕྲའི་ངང་ཡོངས་འཛིན་འཚོལ་བཤེར་གྱི་གསར་སྤེལ་བརྒྱུད་རིམ་རྒྱུས་ལོན་གནང་བ་མ་ཟད། ཡོངས་འཛིན་འཚོལ་བཤེར་གྱིས་བོད་ཡིག་ཆ་འཕྲིན་ཅན་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་དང་གདེང་འཇོག་མི་དམན་པ་གནང་།


ཚེ་ལོ་ཡིས་ཡོངས་འཛིན་འཚོལ་བཤེར་འཁོར་སྐྱོད་གནས་ཚུལ་མཚམས་སྦྱོར་བྱེད་པ།

     ཡོངས་འཛིན་འཚོལ་བཤེར་ནི2016ལོའི་ཟླ8པའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་དངོས་སུ་ཤར་གཏོང་བྱས་ཤིང་། གོ་ལ་ཧྲིལ་བོའི་བོད་ཡིག་དྲ་དམངས་ཀྱི་འཚོལ་བཤེར་དགོས་མཁོ་བསྐོང་བའི་དུས་མཚུངས་སུ། བོད་ཡིག་ཆ་འཕྲིན་ཅན་སྒྲིག་གཅོད་ཞིབ་འཇུག་གྲུབ་འབྲས་ཀྱི་ལག་རྩལ་གཞན་འགྱུར་དང་བེད་སྤྱོད་མངོན་འགྱུར་བྱུང་སྟེ། བོད་ཡིག་ཆ་འཕྲིན་ཕྱོགས་ཡོངས་ནས་འཕྲིན་སྦྲེལ་དྲ་བར་མཐུན་སྦྱོར་བྱེད་ཐུབ་པ་བྱུང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...