སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པ་དང་ཕུལ་བྱུང་འཕྲིན་འགོད་པའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-28 16:39:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གྲོས་ཚོགས་ཀྱི་ཡུལ་དངོས།

     སྤྱི་ཟླ11པའི་ཚེས28ཉིན། མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པ་དང་ཕུལ་བྱུང་འཕྲིན་འགོད་པའི་གཟེངས་བསྟོད་ཚོགས་ཆེན་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང། མཚོ་སྔོན་པོ་དྲ་བའི་གསར་འཛུགས་པ་སྟེ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་ཡིས་གྲོས་ཚོགས་ལ་མདོ་འཛིན་མཛད།


མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཡེ་ཝན་པིན།

     མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཡེ་ཝན་པིན་གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས་པ་དང་། མཚོ་ལྷོའི་ཚགས་པར་ཁང་གི་འགོ་གཙོ་དབྱང་ཁྲེང་ཏུ་དང་། ཁུལ་བོད་སྐད་ཨུའི་འགོ་གཙོ་གཞོན་པ་སྟེ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་རྡོ་རྗེ་རབ་བརྟན། མཚོ་ལྷོ་ཁུལ་སྲིད་གཞུང་དྲ་བ་དང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་རྫོང་ལྔའི་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན། དེ་མིན་མཚོ་སྔོན་པོ་དྲ་བའི་དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པ། དྲ་གྲོགས་ཀྱི་འཐུས་ཚབ། མཚོ་ལྷོ་ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་ལས་སྒྲུབ་མི་སྣ་ཡོངས་བཅས་མི50ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།


མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་ཡིས་གྲོས་ཚོགས་ལ་མདོ་འཛིན་མཛད།


མཚོ་ལྷོ་ཁུལ་བོད་སྐད་ཨུའི་འགོ་གཙོ་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པར་སྤྱི་བསྡོམས་བྱས།

     གྲོས་ཚོགས་སུ། མཚོ་ལྷོ་ཁུལ་བོད་སྐད་ཨུའི་འགོ་གཙོ་གཞོན་པ་སྟེ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་ངོ་བཅུའི་རིང་གི་གྲུབ་འབྲས་དང་མ་འོངས་འཕེལ་རྒྱས་ཁ་ཕྱོགས་སོགས་ཀྱི་ཐད་ནས་བྱ་བའི་སྤྱི་བསྡོམས་དང་སྙན་ཞུ་ཕུལ་བ་སྟེ། གཙོ་ཆེར་མཚོ་སྔོན་པོ་དྲ་བ་གསར་འཛུགས་དང་གནས་གཏན། ད་ཡོད་གནས་བབ། སྤྱི་ཚོགས་ཀྱི་ཕན་འབྲས། དྲ་རྒྱའི་དོ་དམ་བྱེད་ཐབས། ལོ་ངོ་བཅུའི་རིང་གི་གྲུབ་འབྲས་གཙོ་བོ། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་སོགས་ཀྱི་ཐད་སྤྱི་བསྡོམས་གནང་ལ། སྒོས་སུ་དྲ་བའི་དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པས་ནང་དོན་འཛུགས་སྐྲུན་གྱི་ཐད་བཞག་པའི་བླ་མེད་བྱས་རྗེས་ལ་ལྷག་བསམ་འཁོལ་བས་བཀའ་དྲིན་དང་གཟེངས་བསྟོད་ཆེན་པོ་གནང་།


གྲོས་ཚོགས་ཀྱི་ཡུལ་དངོས།

     གྲོས་ཚོགས་སུ། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་ཡིག་ལྟེ་གནས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་དོན་གྲུབ་ཚེ་རིང་དང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་ཆེད་དོན་ཁག་གི་ཀྲུའུ་རིན་བསོད་ནམས་རྡོ་རྗེ། མཚོ་ལྷོའི་ཚགས་པར་ཁང་གི་གསར་འགོད་པ་བཀྲ་ཤིས་དོན་གྲུབ། མཚོ་ལྷོའི་ཚགས་པར་ཁང་གི་གསར་འགོད་པ་ཚེ་རིང་འབུམ། འབའ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་གཅོད་པ་ཐར་བཅས་ལ་མཚོ་སྔོན་པོ་དྲ་བའི(2007.11-2017.11)ཕུལ་བྱུང་དམིགས་ཞུས་གསར་འགོད་པའི་གཟེངས་རྟགས་དང་། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་རྩོམ་སྒྲིག་པ་ཉི་མ་ཚེ་རིང་དང་། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བཟོ་ཚོགས་ཀྲུའུ་ཞི་ཏིང་ཨའེ་ཧྥང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གཟུགས་འདས་རིག་གནས་ཤུལ་བཞག་གཞུང་སྒྲུབ་ཁང་གི་འགོ་གཙོ་རྟ་མགྲིན་ཚེ་རིང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་འབྲུག་ཐར་རྒྱལ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་དཀོན་མཆོག་ཚེ་རིང་བཅས་ལ་མཚོ་སྔོན་པོ་དྲ་བའི(2007.11-2017.11)ཕུལ་བྱུང་འཕྲིན་འགོད་པའི་གཟེངས་བསྟོད་གནང་། དེར་མཐུད་དེ་ཕུལ་བྱུང་དམིགས་ཞུས་གསར་འགོད་པའི་འཐུས་ཚབ་དོན་གྲུབ་ཚེ་རིང་དང་ཕུལ་བྱུང་འཕྲིན་འགོད་པའི་འཐུས་ཚབ་ཏིང་ཨའེ་ཧྥང་གཉིས་ཀྱིས་རང་སོ་སོའི་བྱ་བའི་ལས་བགོས་དང་རང་ཉིད་ཀྱི་བརྒྱུད་རིམ་ལ་གཞིགས་ཏེ་མཚོ་སྔོན་པོ་དྲ་བའི་བར་གྱི་གཏམ་རྒྱུད་དང་མྱོང་ཚོར་བརྗོད།


གཟེངས་རྟགས་གནང་བ།


མཚོ་སྔོན་པོ་དྲ་བའི་དམིགས་ཞུས་གསར་འགོད་པར་གཟེངས་རྟགས་གནང་བ།


མཚོ་སྔོན་པོ་དྲ་བའི་འཕྲིན་འགོད་པར་གཟེངས་རྟགས་གནང་བ།

     གྲོས་ཚོགས་ཀྱི་མཇུག་སྒྲིལ་ལ་ཉེ་དུས། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཡེ་ཝན་པིན་གྱིས་མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པར་ཕྱིར་དྲན་སྤྱི་བསྡོམས་དང་གཟེངས་བསྟོད་ཚོགས་ཆེན་ལ་གཞིགས་ཏེ་གཏམ་བཤད་གལ་ཆེན་སྤེལ་ཏེ། མཚོ་སྔོན་པོ་དྲ་བའི་ལོ་ངོ་བཅུ་རིང་ལ་བླངས་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་དང་། དྲ་བའི་ལས་སྒྲུབ་མི་སྣ་དང་དམིགས་ཞུས་གསར་འགོད་པ། འཕྲིན་འགོད་པ་བཅས་ཀྱིས་ལོ་འདི་འགའི་རིང་ལ་འབད་བརྩོན་གནང་བར་བཀའ་དྲིན་ཞུས་ལ། གཟེངས་རྟགས་ཐོབ་པའི་ཕུལ་བྱུང་མི་སྣར་རྟེན་འབྲེལ་ཞུས་པ་མ་ཟད། རང་ཁུལ་གྱི་དྲ་རྒྱའི་ཆ་འཕྲིན་ཅན་བྱ་བར་རེ་སྨོན་བཅོལ་ལ། དྲ་བའི་ལས་སྒྲུབ་མི་སྣར་མུ་མཐུད་དུ་ལས་རིགས་གསར་བསྐྲུན་གྱི་སྙིང་སྟོབས་བསྐྱེད་པར་སྐུལ་ལྕགས་གནང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཕྱོགས་སྟོན་དུ་བཟུང་སྟེ། "འདུ་ཤེས་བཞི"བརྟན་པོར་ཚུགས་པ་དང་། ཡང་དག་པའི་ཕྱོགས་སྟོན་དེ་དྲ་རྒྱའི་དྲིལ་སྒྲོག་བྱ་བའི་སྟེང་འཇོག་པ་ནམ་ཡང་རྒྱུན་འཁྱོངས་སྒོས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་དྲིལ་སྒྲོག་སློབ་གསོའི་བྱ་བ་སྔར་ལས་ཤུགས་བསྣན་ཏེ་དངོས་གནས་ཆ་འཕྲིན་ཁྱབ་སྤེལ་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དང་། ལོ་རྒྱུས་རིག་གནས་ཀྱི་མཐིལ་རྔོག་འདོན་དང་། ཕུལ་བྱུང་རིག་གནས་ཤུལ་བཞག་འགྲེམ་སྟོན། མཚོ་ལྷོའི་མི་ཆོས་ཡུལ་སྲོལ་ནུས་ཡོད་སྒོས་ཁྱབ་སྒྲོག་བྱེད་པ། མཚོ་ལྷོ་དང་ཕྱི་ཕྱོགས་བར་འབྲེལ་ཟམ་འཛུགས་པ་སོགས་ཐད་ནས་ཁྱད་འཕགས་འདོན་སྤེལ་སྒོས་ཡང་བསྐྱར་བྱས་རྗེས་ཆེན་པོ་འཇོག་པར་སྨོན་འདུན་ཞུས།


མཚོ་སྔོན་པོ་དྲ་བའི་དམིགས་ཞུས་གསར་འགོད་པའི་འཐུས་ཚབ་དོན་གྲུབ་ཚེ་རིང་གིས་མྱོང་ཚོར་བརྗོད་པ།


མཚོ་སྔོན་པོ་དྲ་བའི་འཕྲིན་འགོད་པའི་འཐུས་ཚབ་ཏིང་ཨའེ་ཧྥང་གིས་མྱོང་ཚོར་བརྗོད་པ།

     ཐེངས་འདིར་མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པ་དང་ཕུལ་བྱུང་འཕྲིན་འགོད་པའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ་འདི་ནི་ལོ་ངོ་བཅུའི་རིང་དྲ་རྒྱའི་འཛུགས་སྐྲུན་བྱ་བར་སྤྱི་བསྡོམས་ཐེངས་ཤིག་གནང་བར་མ་ཟད། ལོ་ངོ་བཅུའི་རིང་མཚོ་སྔོན་པོ་དྲ་བར་དཔུང་གཤིབ་འབད་བརྩོན་བྱེད་པའི་དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པར་ཁས་ལེན་ཐེངས་ཤིག་དང་བཀའ་དྲིན་ཐེངས་ཤིག  དེ་མིན་མ་འོངས་ལ་འགྲན་རྩོད་བྱེད་པའི་འགོ་རྩོམ་སའང་ཡིན། འདས་སོང་ལ་ཕྱིར་དྲན་དང་མ་འོངས་ལ་རྒྱང་ལྟ་བྱས་ཏེ། མཚོ་སྔོན་པོ་དྲ་བ་འདི་ལྷན་རྒྱས་ཀྱི་འབད་བརྩོན་འོག་མུ་མཐུད་དུ་ནར་སོན་དང་སྔོན་དུ་བསྐྱོད་པར་སྨོན།


ཚོགས་ཞུགས་མི་སྣ་ལྷན་དུ་པར་བླངས་པ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...