སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་ལས་གཞིའི་འགོ་བརྩམས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-1 9:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཀྲང་ཝུན་ཁོས་དང་བསོད་ནམས་དོན་གྲུབ། ཀྲང་ཞི་ཐའོ་བཅས་ཀྱིས་ལས་གཞི་འགོ་རྩོམ་པའི་ཆུ་ཤེལ་རྡེལ་རིལ་མནན།

     འཕྲིན་སྦྲེལ་དྲ་བ་དང་སྤྲིན་རྩིས་ཀྱི་མགྱོགས་མྱུར་འཕེལ་རྒྱས་དང་བསྟུན། གྲངས་མཛོད་ཆེན་མོ་ནི་དངོས་པོ་དང་ནུས་ཁུངས་སོགས་ལྟར་གལ་ཆེ་བའི་རྒྱལ་ཁབ་ཀྱི་རྨང་གཞིའི་རང་བཞིན་གྱི་འཐབ་ཇུས་ཐོན་ཁུངས་ཤིག་ཏུ་གྱུར་ཡོད། དེ་རིང་ནུབ་བྱང་གི་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་ཐོག་མའི་ལས་གཞི་དངོས་སུ་མཚོ་ལྷོ་ཁུལ་དུ་འགོ་བརྩམས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་ཆེན་མོ་གནང་སྟེ། གྲངས་མཛོད་ཆེན་མོའི་ཐོན་ལས་ནི་ཁུལ་ཡོངས་ཀྱི་ལྗང་མདོག་འཁོར་སྐྱོད་འཕེལ་རྒྱས་སུ་གཏོང་བ་དང"བོད་ཁུལ་གཏན་འཇགས་དང་དར་སྤེལ་གཏོང་བའི"ཆ་འཕྲིན་གྱི་ཁུངས་གཙོ་བོའི་འཐབ་ཇུས་གལ་ཆེན་ཞིག་ཏུ་སྤེལ་རྒྱུ་དེ་ཡིན། གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་བཙུགས་པ་འདི་ནི་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཆ་འཕྲིན་ཅན་གོ་རིམ་ཁྲོད་ཀྱི་དོན་ཆེན་དང་དོན་བཟང་ཞིག་ཡིན།


ཁུལ་ཨུའི་རྒྱུན་ཨུ་སྟེ་ཁུལ་དཔོན་གཞོན་པ་ལི་ཐིང་ཞང་གིས་མདོ་འཛིན་མཛད།


ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཤིས་ཚིག་ཕུལ་བ།

     སྤྱི་ཟླ11པའི་ཚེས30ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་ལས་གཞི་འགོ་རྩོམ་པ་དང་ཐོན་ལས་གླིང་གི་རྨང་འདིང་་མཛད་སྒོ་དེ་ཆབ་ཆ་གྲོང་རྡལ་དུ་སྤེལ་ཞིང་། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སྟེ་ཁུལ་དཔོན་བསོད་ནམས་དོན་གྲུབ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སྟེ་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་ཝང་ཅན་མིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལི་བརྒྱད་ཅུ། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་སྟེ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་མཱ་ཅན་ཧུང་། ཧྭ་ཝེ་ཀུང་ཟིའི་ཀྲུང་གོའི་ས་ཁུལ་ཟི་ལིང་གི་འཐུས་ཚབ་ཁྲུའུ་ཡི་འཐུས་ཚབ་ཀྲང་ཞི་ཐའོ། རྨ་ཆུ་ཆུ་གློག་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་གཞོན་པ་དབྱང་ཚུན་ལུང་། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་ཞི་གཞོན་པ་དབྱང་ཀྲའོ་ཆིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲི་ཅིན་ཡོའུ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཀྲང་ཆིན། དེ་མིན་རྒྱལ་ཁབ་དར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་དང་། མཚོ་སྔོན་ཡུན་ཀུའུ་གྲངས་མཛོད་ཆེན་མོའི་ཐོན་ལས་དར་སྤེལ་ཚད་ཡོད་ཀུང་ཟི། ཧྭ་ཝེའི་མཚོ་ལྷོའི་གྲངས་མཛོད་ཆེན་མོ་ལྟེ་གནས་རྟེན་གཞིའི་འགན་ཁུར་བློ་མཐུན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག མཚོ་ལྷོར་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་མཛད་སྒོར་ཞུགས་ལ། ཁུལ་ཨུའི་རྒྱུན་ཨུ་སྟེ་ཁུལ་དཔོན་གཞོན་པ་ལི་ཐིང་ཞང་གིས་མདོ་འཛིན་མཛད།
     མཛད་སྒོའི་སྟེང་། ཚོགས་ཞུགས་མི་སྣས་ལྷན་དུ་ཐོན་ལས་གླིང་གི་དྲིལ་སྒྲོག་བརྙན་གཟུགས་ལ་བལྟས་པ་དང་། ཁུལ་དཔོན་གཞོན་པ་ཧྲི་ཅིན་ཡོའུ་ཡིས་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་གི་གནས་ཚུལ་མཚམས་སྦྱོར་གནང་ལ། ཁུལ་དཔོན་བསོད་ནམས་དོན་གྲུབ་དང་ཧྭ་ཝེ་ཀུང་ཟིའི་ཀྲུང་གོའི་ས་ཁུལ་ཟི་ལིང་གི་འཐུས་ཚབ་ཁྲུའུ་ཡི་འཐུས་ཚབ་ཀྲང་ཞི་ཐའོ་གཉིས་ཀྱིས་ཤིས་ཚིག་ཕུལ་ཞིང་། ཀྲང་ཝུན་ཁོས་དང་བསོད་ནམས་དོན་གྲུབ། ཀྲང་ཞི་ཐའོ་བཅས་ཀྱིས་ལས་གཞི་འགོ་རྩོམ་པའི་ཆུ་ཤེལ་རྡེལ་རིལ་མནན། ལས་གཞི་འགོ་རྩོམ་མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་འགོ་ཁྲིད་རྣམས་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་ཞི་ཐའེ་སྡེ་བར་སླེབས་ཏེ། ལྷན་དུ་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་འཛུགས་སྐྲུན་ལས་གཞིའི་རྨང་བཏིངས་པ་རེད།


ཁུལ་དཔོན་གཞོན་པ་ཧྲི་ཅིན་ཡོའུ་ཡིས་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་གི་གནས་ཚུལ་མཚམས་སྦྱོར་གནང་།


ཧྭ་ཝེ་ཀུང་ཟིའི་ཀྲུང་གོའི་ས་ཁུལ་ཟི་ལིང་གི་འཐུས་ཚབ་ཁྲུའུ་ཡི་འཐུས་ཚབ་ཀྲང་ཞི་ཐའོ་ཡིས་ཤིས་ཚིག་ཕུལ་བ།

     རྒྱུས་ལོན་པ་ལྟར་ན། ཐོན་ལས་གླིང་འདིའི་རྨང་གཞིའི་སྒྲིག་ཆས་དང་འབྲེལ་ཡོད་ཐོན་ལས་ཐད་མ་དངུལ་སྒོར་དུང་ཕྱུར100ལ་ཉེ་བ་བཏང་ཞིང་། སའི་གཞི་ཁྱོན་མུའུ1200ཟིན་ལ། ཐོན་ལས་གླིང་འཛུགས་སྐྲུན་ཐད་དུས་རིམ་གསུམ་དུ་དབྱེ་སྟེ།  དུས་རིམ་དང་པོའི་བཟོ་བཀོད་ནི2017ལོ་ནས2018ལོར་དང་འཆར་ཇུས་གཞི་ཁྱོན་མུའུ200སྟེ། གཙོ་ཆེར་ཧྭ་ཝེ་གྲངས་མཛོད་ཆེན་མོའི་ལྟེ་གནས་དང་ཚན་རྩལ་ཆ་འཕྲིན་འགྲེམ་སྟོན་ཚོམས་ཆེན། བོད་སྐད་ཁུལ་ཆ་འཕྲིན་མཐོ་གནས་དང་གླེང་ཕྱོགས་ལྟ་ཚོད་ལྟེ་གནས་འཛུགས་སྐྲུན་བྱེད་པ་ཡིན། དུས་རིམ་གཉིས་པའི་བཟོ་བཀོད་ནི2019ལོ་ནས2021ལོར། འཆར་ཇུས་གཞི་ཁྱོན་མུའུ300དང་། གཙོ་ཆེར་གྲངས་མཛོད་ཆེན་མོའི་ཐོན་ལས་རྟེན་གཞི་དང་རིག་ལྡན་ཡུལ་སྐོར་གཅིག་འདུས་ལྟེ་གནས། ནུས་ཁུངས་གསར་བའི་ཐོན་ལས་ཞབས་ཞུའི་གཅིག་འདུས་ལྟེ་གནས། གྲངས་མཛོད་དབྱེ་ཞིབ་ཁེ་ལས་གསོ་སྐྱོང་བཅས་འཛུགས་སྐྲུན་བྱེད་ལ། དུས་རིམ་གསུམ་པའི་བཟོ་བཀོད་ནི2022ལོ་ནས2025ལོར། འཆར་ཇུས་གཞི་ཁྱོན་མུའུ700དང་། གཙོ་ཆེར་གྲངས་མཛོད་ཐོན་ཁུངས་གཅིག་སྡེབ་བྱས་ཏེ། གྲངས་མཛོད་རྨང་གཞི་བྱས་པའི་ཆ་འཕྲིན་ཞབས་ཞུའི་ཐོན་ལས་གྲུབ་པ་དང་། རང་སྐྱོང་ཁུལ་འདི་བོད་སྐད་ཁུལ་ཆ་འཕྲིན་མཐོ་གནས་དང་གླེང་ཕྱོགས་ལྟ་ཚོད་ལྟེ་གནས། བོད་ཁུལ་ཚན་རྩལ་དང་ཆ་འཕྲིན་མི་སྣ་གསོ་སྐྱོང་ལྟེ་གནས། རྒྱལ་ཁབ་རིམ་པའི་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་། རྒྱལ་ཁབ་རིམ་པའི་འཐབ་ཇུས་གནོད་གྲབས་ལྟེ་གནས། རིག་ལྡན་གྲོང་ཁྱེར་བེད་སྤྱོད་དཔེ་སྟོན་གྲོང་ཁྱེར་བཅས་སུ་བསྐྲུན་རྒྱུ་དེ་ཡིན།
        ད་ལོའི་ལོ་སྟོད་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གིས་མཐོང་ཆེན་ཆེན་མོ་གནང་སྟེ། འགོ་ཁྲིད་གཙོ་བོས་དངོས་སུ་སྣེ་ཁྲིད་དེ་སྔ་གཞུག་ཏུ་ཀུའེ་ཀྲོའུ་དང་ཅང་སུའུ། ཨན་ཧུའེ་སོགས་རྒྱལ་ནང་གི་གྲངས་མཛོད་ཆེན་མོའི་འཕེལ་རྒྱས་སྔོན་ཐོན་ས་ཁུལ་དུ་རྟོག་དཔྱད་གཟིགས་ཞིབ་ཏུ་ཕེབས་ཤིང་། ཐེངས་དུ་མར་ཧྲེན་ཀྲེན་ཧྭ་ཝེ་ཀུང་ཟི་དང་གསར་སྤེལ་འཛུགས་སྐྲུན་ལས་དོན་ཐད་གྲོས་མོལ་མཛད་དེ། གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་དངོས་སུ་འཛུགས་པར་ཕན་ནུས་ལྡན་པའི་བྱ་བ་མང་པོ་བསྒྲུབས། 2017ལོར། "མཚོ་སྔོན་ཚོང་ཚོགས"ཀྱི་སྐབས་སུ། ཁུལ་སྲིད་གཞུང་དང་ཧྭ་ཝེ་ཀུང་ཟིས་་དངོས་སུ་གྲངས་མཛོད་ཆེན་མོའི་འཐབ་ཇུས་མཉམ་འབྲེལ་གྲོས་ཆོད་བཞག ལོ་སྨད་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་མགྱོགས་མྱུར་དངོས་འབེབས་བྱེད་པ་ནི་ལས་ཀའི་གནད་དུ་བཟུང་སྟེ། ཆེད་དུ་ཁུལ་སྲིད་གཞུང་ལས་བགོས་འགོ་ཁྲིད་ནི་ཚོགས་གཙོ་ཡིན་པའི་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་ལས་གཞིའི་བསྐྲུན་གྲབས་བྱ་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཐོན་ལས་གླིང་འཛུགས་སྐྲུན་འཆར་གཞི་དང་ཐོན་ལས་གླིང་འཁོར་སྐྱོད་རྣམ་པ། མ་དངུལ་གྲབས་ཐབས་སོགས་གཏན་འཁེལ་བྱས། མིག་སྔར། འབྲེལ་ཡོད་ཕྱོགས་ཁག་ལ་སྒྲིག་ཁོངས་མངགས་བཅོས་གནང་བ་མ་ཟད་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་ལས་གཞིའི་བྱེད་འཐུས་ཞིབ་འཇུག་སྙན་ཞུ་བཤེར་འབེབས་གནང་ཞིང་། ལས་གཞིའི་ཐོག་མའི་སྒྲིག་འཛུགས་དང་། ས་ཞིང་བེད་སྤྱོད་སྙན་ཞུ། དཔྱད་མོལ་གཉིས་དང་ཇུས་འགོད་གཅིག་སོགས་འབྲེལ་ཡོད་བྱ་བ་དངོས་འབེབས་བྱེད་པའི་སྒང་ཡིན་ལ། ཚོད་དཔག་ལྟར་ན། ལོ་ནང་དུ་འཛུགས་སྐྲུན་གྱི་འགོ་རྩོམ་རྒྱུ་རེད།


མཚོ་ལྷོ་ཁུལ་གྲངས་མཛོད་ཆེན་མོའི་ལྟེ་གནས་ཀྱི་རྨང་འདིང་མཛད་སྒོ།


མཚོ་ལྷོ་ཁུལ་གྲངས་མཛོད་ཆེན་མོའི་ལྟེ་གནས་ཀྱི་རྨང་འདིང་མཛད་སྒོ།

     མཚོ་ལྷོ་ཁུལ་གྲངས་མཛོད་ཆེན་མོའི་ཐོན་ལས་གླིང་གི་ལས་གཞི་ལེགས་འགྲུབ་བྱུང་རྗེས། མཚོ་ལྷོ་ཁུལ་གྱི"དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། གསར་རྣམ་གཙང་བཟོའི་ནུས་ཁུངས་ཐོན་ལས། རིག་གནས་ཡུལ་སྐོར་དང་ཞབས་ཞུའི་ཐོན་ལས"བཅས་ལྗང་མདོག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་། མཚོ་ལྷོ་ཁུལ་གྱི་ལྗང་མདོག་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ལ་སྲོག་ཤིང་གི་སྒུལ་ནུས་མཁོ་འདོན་བྱེད་ཅིང་། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་ཐོད་བརྒལ་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་སྲ་བརྟན་བཏིངས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...