སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་ཨ་མདོའི་རྩེད་རིག་ཆེད་ཚོགས་དགོང་ཚོགས་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-1 10:10:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གསེར་ཆེན་རྫོང་དུ་ཨ་མདོའི་རྩེད་རིག་ཆེད་ཚོགས་དགོང་ཚོགས་བསྡུས་པ།

     སྤྱི་ཟླ11པའི་ཚེས30ཉིན། གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་གསེར་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་འགན་སྒྲུབ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གིས་རོགས་སྒྲུབ་བཅས་གནང་བའི་གསེར་ཆེན་རྫོང་ཨ་མདོའི་རྩེད་རིག་ཆེད་ཚོགས་དགོང་ཚོགས་ཐོག་མ་དེ་མཚོ་ལྷོ་ཁུལ་འཁྲབ་སྟོན་ལྟེ་གནས་སུ་བསྡུས།


ཨ་རྩེད་འཁྲབ་སྟོན།


ཨ་རྩེད་འཁྲབ་སྟོན།

      ཐེངས་འདིའི་ཆེད་ཚོགས་སུ་བསྡོམས་པས《ལོ་རྒྱུས་ཀྱི་དྲན་སྣང》དང《གནའ་དེང་གི་སྒེག་ཉམས》། 《ལོ་རྒྱུས་ཀྱི་རྒྱུད་འཛིན》བཅས་ཁག་གསུམ་གྱིས་གྲུབ་ཅིང་། ཞིབ་ཏུ《གླུ་གར་ལ་བྱང་ན་ཇེ་ཡག་རེད》ཅེས་པ་དང་། 《བཀྲ་ཤིས་མདའ་དར》། 《རྒྱ་འགྲོ་རྩེད》། 《ཞང་མ་ལ》། 《ཕ་བླ་མ》། 《ཨ་རིག་མ》སོགས་བསྡོམས་པས་རྩེད་རིག་འཁྲབ་སྟོན20ལྷག་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་སྔར་ཕུལ་ལོ།།


ཨ་རྩེད་འཁྲབ་སྟོན།


ཨ་རྩེད་འཁྲབ་སྟོན།

     འདི་ལྟ་བུའི་ཆེད་ཚོགས་སྤེལ་བར་བརྒྱུད། གསེར་ཆེན་རྫོང་གིས་སྔར་ལས་ལེགས་པའི་སྒོ་ནས་རྩེད་རིག་ཅེས་པའི་གནའ་བོའི་རིག་གནས་སྒྱུ་རྩལ་འདི་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན། དར་སྤེལ་དུ་གཏོང་བ་དང་། མི་རྣམས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་དང་། རིག་གནས་ལས་དོན་གཏན་འཇགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ་ཡིན།


ཨ་རྩེད་འཁྲབ་སྟོན།


གཟིགས་མོ་བ་ལྷན་རྒྱས།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...