སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ནང་གི་ཁྲོན་བོད་དངོས་བྲིས་ཆེན་མོ་ཐོག་མ《ཤམ་བྷ་ལའི་ཞིང་ཁམས》ཞེས་པ་གཏོང་ལ་ཉེ་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-26 10:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རྒྱལ་ནང་གི་ཁྲོན་བོད་དངོས་བྲིས་ཆེན་མོ་ཐོག་མ《ཤམ་བྷ་ལའི་ཞིང་ཁམས》ཞེས་པ་གཏོང་ལ་ཉེ་བ།


གཙོ་འཁྲབ་མི་སྣ།


ས་གནས་ཀྱི་སྡོད་ཁང་།

     ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཇུས་གཞི་དང་སྒྲིག་བཟོ་གནང་བའི་རྒྱལ་ཁབ་རིམ་པའི4Kདངོས་བྲིས་ཆེན་མོ《ཤམ་བྷ་ལའི་ཞིང་ཁམས》ཞེས་པའི་སྔོན་བརྡའི་དྲིལ་སྒྲོག་བརྙན་གཟུགས་སྤེལ་ཞིང་། ལེའུ5ཡིས་གྲུབ་པའི་མུ་འབྲེལ་དངོས་བྲིས་བརྙན་འཕྲིན་དང་བཅུད་བསྒྲིགས་པར་གཞིའི་དངོས་བྲིས་གློག་བརྙན་ཞིག་ཀྱང་ཉེ་ཆར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་གང་མང་དུ་འཛམ་གླིང་ལ་གཏོང་རྒྱུ་ཡིན།
     《ཤམ་བྷ་ལའི་ཞིང་ཁམས》ཞེས་པ་ནི་རྒྱལ་ནང་དང་ཐ་ན་རྒྱལ་སྤྱིའི་ཁྲོན་བོད་མི་ཆོས་ས་རྒྱུས་དང་དུས་རབས་ཀྱི་མཛེས་རྣམ་བརྗོད་པའི4Kདངོས་བྲིས་ཆེན་མོ་ཞིག་ཡིན་ལ། བརྙན་འདིས་དུས་ཚིགས་བཞི་ནི་དུས་ཚོད་ཀྱི་ཚད་ཐིག་ཏུ་བཟུང་སྟེ། སི་ཁྲོན་བོད་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་དུས་རྒྱུན་འཚོ་བ་དང་བརྩེ་སེམས་བརྗོད་དེ། གཙོ་ཆེར“ཤམ་བྷ་ལའི”རིག་གནས་ས་ཁོངས་ལས་བཏོན་པའི་རང་བྱུང་མཛེས་རྣམ་པ་དང་མི་ཆོས་མཛེས་རྣམ། ཚེ་སྲོག་མཛེས་རྣམ་བཅས་མཚོན་པར་བྱས།
     《ཤམ་བྷ་ལའི་ཞིང་ཁམས》ཞེས་པ་གཞུང་ཕྱོགས་ཀྱིས་སྤྱི་བསྒྲགས་གནང་བའི་སྔོན་བརྡའི་བརྙན་རིས་དང་བརྙན་རིས་གཞན་དག་ཏུ། ཁྲོན་བོད་ཀྱི་མཛེས་རྣམ་ཤིན་ཏུ་དོད་ཅིང་ཡིད་དབང་རབ་ཏུ་འཕྲོག  དེ་མིན་གཟིགས་མོ་བ་རྣམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་དམངས་སྲོལ་སྲོལ་རྒྱུན་དང་དམངས་ཁྲོད་ནུས་རྩལ་གྱི་རྒྱུན་འཛིན་སོགས་མཐོང་ཐུབ་པར་མ་ཟད། ཁྲོན་ནུབ་སྡོད་དམངས་ཀྱི་ངལ་རྩོལ་འཚོ་བའི་བློ་རིག་དང་བབ་ཆགས་ཀྱི་བརྩེ་སེམས་ངོམ་ལ། བོད་རིགས་བུ་མོ་ཚེ་རིང་ལྷ་མོས་ས་གནས་བུད་མེད་ཀྱི་ངལ་བ་ཡང་དུ་གཏོང་ཆེད། འཚེམ་དྲུབ་ཀྱི་ནུས་རྩལ་སྦྱངས་ཏེ་ཁོ་མོ་ཚོར་ཁྲིད་པ་དང་། 90རྗེས་ཀྱི་ན་གཞོན་ཚན་རིག་པ་ཝང་ཀྲེང་དབྱང་གིས་ཞིབ་འཇུག་བྱ་གཞིའི་ཆེད་དུ་གྲོང་ཁྱེར་ཆེན་མོའི་འཚོ་བ་དོར་ནས་ཁྲོན་བོད་ཀྱི་རི་ལུང་དུ་འཚོལ་ཞིབ་ཀྱི་འགོ་བརྩམས། ན་གཞོན་བཀྲ་ཤིས་དོན་འགྲུབ་དང་མེ་ཏོག་གཉིས་ཡུལ་སྐོར་གྱི་ལམ་ནས་འཕྲད་དེ་མཛེས་སྡུག་གི་འཕྲུལ་རྟའི་བརྩེ་དུང་གཏམ་རྒྱུད་ཀྱི་འགོ་བརྩམས།
     《ཤམ་བྷ་ལའི་ཞིང་ཁམས》ཞེས་པ་འདི2016ལོ་ནས་ཕབ་འགོ་བརྩམས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་འགོ་ཁྲིད་དེ། ཀྲུང་དབྱང་བརྙན་འཕྲིན་ཁང་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ལས་ཁུངས་མང་པོ་དང་འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ཡོན་པ་རྩ་འཛུགས་སྒོས་ལྷན་དུ་ཐེངས་གང་མང་ལ་ཇུས་གཞི་བཏོན།
     2016ལོའི་ཟླ3པ་ནས་བཟུང་། བརྙན་འདིའི་གཙོ་འདོན་མི་སྣ་དང་ཕབ་སྐྲུན་རུ་ཁག་ཕྱོགས་གཉིས་སུ་དབྱེ་སྟེ། སི་ཁྲོན་དཀར་མཛེས་དང་རྔ་བ། ལྭིང་ཧྲན་སོགས་ས་གནས་ཀྱི་མཁར་གྲོང་དང་སྡེ་བར་བསྐྱོད་དེ་དུས་ཡུན་ཉིན270ཡི་ཕབ་བསྐྲུན་གནང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...