སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གངས་ཆབ་ཟེགས་མའི་རིག་རྩལ་དགོང་ཚོགས་ཆེན་མོའི་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ། རིག་འཛིན་སྒྲོལ་མ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-4 10:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     གངས་ཆབ་ཟེགས་མ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་དང་སི་ཁྲོན་མཎྡ་ལ་གློག་བརྙན་སྨྱན་སྦྱོར་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་སྐབས་དྲུག་པའི་གངས་ཆབ་ཟེགས་མའི་མུ་འབྲེལ་རིག་རྩལ་དགོང་ཚོགས་ཆེན་མོ་སྤྱི་ལོ2018ལོའི་ཟླ1པོའི་ཟླ་སྨད་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྒྲུབ་རྒྱུ་ཡིན། གངས་ཆབ་ཟེགས་མའི་གར་སྟེགས་འདི་ལས་བོད་ཀྱི་གཞས་པ་གཞས་མ་གང་མང་ཞིག་འཚར་ལོངས་བྱུང་སྟེ། ད་ལྟ་བོད་ཁམས་ཡོངས་སུ་དགའ་བསུ་ཆེན་པོ་ཐོབ་དང་ཐོབ་བཞིན་མཆིས།
     ད་ནི་སྐབས་དྲུག་པ་སྤེལ་བའི་སྐབས་ལ་སླེབས་ཡོད་པས། ད་རེས་ཆེད་ལས་ཀྱི་དཔྱད་འདེམས་པ་བརྒྱུད་ནས་རིག་རྩལ་བརྩམས་ཆོས་གང་ལེགས་གདམས་ཏེ། མིང་དུ་གྲགས་པའི་གཞས་པ་གཞས་མ་གདན་དྲངས་ནས། གསར་སྐྱེས་ཀྱི་སྒྱུ་རྩལ་པ་དག་དང་གར་སྟེགས་གཅིག་གི་སྟེང་དུ་འཛོམས་པར་བྱས་ཏེ་གཟབ་རྒྱས་ངང་འཚོག་འཆར་ཡོད་པས། ཀུན་གྱིས་གཤམ་གྱི་ཆ་རྐྱེན་ནང་བཞིན་བརྩམས་ཆོས་བསྐུར་བར་འཚལ།
གཅིག བརྩམས་ཆོས་ལ་དར་གཞས་དང་དེང་གཞས། གླུ་གར། རྡུང་ལེན། བཞད་གར། ཁ་ཤགས་སོགས་ཀྱི་རིག་རྩལ་རྣམ་པ་གང་རུང་ཡིན་ཆོག
གཉིས། ནང་དོན་སྤོས་དག་དང་ཡར་སྐུལ་རང་བཞིན་ལྡན་པ། གསར་རྩོམ་བརྩམས་ཆོས་ལ་དམིགས་བསལ་་ཡོད།
གསུམ། བརྩམས་ཆོས་ནང་དོན་ངེས་པར་དུ་བོད་སྐད་བོད་ཡིག་གི་ལམ་ནས་བརྡ་སྤྲོད་དགོས།
བཞི། བརྩམས་ཆོས། MP3、wavརྣམ་པ་ཡིན་དགོས་ཤིང་། རྩོམ་པ་པོའི་དངོས་མིང་དང་ཞིབ་ཕྲའི་ས་གནས། པར་དང་འབྲེལ་གཏུག་ཨང་གྲངས་བཅས་ཆ་ཚང་བསྐུར་དགོས།
ལྔ། བརྩམས་ཆོས་བསྡུ་ཡུན། 2018ལོའི་ཟླ1ཚེས2ཉིན་ནས་ཟླ1ཚེས15ཉིན།
དྲུག བརྩམས་ཆོས་གདམས་ཐོན་བྱུང་རྗེས་རྩོམ་པ་པོར་འབྲེལ་གཏུགས་བྱ་ངེས། བརྩམས་ཆོས་དག་ཕྱིར་མི་བསྐུར་བས། རང་ངོས་ནས་ཉར་ཚགས་ཡག་པོ་བྱེད་དགོས།
བདུན། བརྩམས་ཆོས་བསྐུར་ཡུལ། ཡིག་ཟམ། 86239574@qq.com
     ཐེངས་འདིའི་དགོང་ཚོགས་ལ་ལོ་མང་པོར་བོད་ཀྱི་གླུ་གཞས་སྒྱུ་རྩལ་ཐད་དུ་བྱ་བ་གང་མང་བསྒྲུབས་མྱོང་བའི་གངས་ཆབ་ཟེགས་མ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིའི་འཇམ་བྷེས་སྤྱིའི་འཆར་འགོད་དང་། སི་ཁྲོན་མཎྡ་ལ་གློག་བརྙན་སྨྱན་སྦྱོར་ཀུང་ཟིའི་སྤྱི་གཉེར་བ་སྒྱུ་རྩལ་གྱི་ཕྱོགས་ཡོངས་འཇོན་པའི་བོད་ཀྱི་གཞས་པ་གེ་རྒྱལ་པདྨས་སྤྱིའི་འཁྲབ་ཁྲིད་ཀྱི་འགན་བཞེས་ཡོད།
     སྐབས་དྲུག་པའི་གངས་ཆབ་ཟེགས་མའི་མུ་འབྲེལ་རིག་རྩལ་དགོང་ཚོགས་ཆེན་མོ་མི་འགྱང་བར་ཁྱེད་དང་མཇལ་ཡོང་།


འཇའ་བྷེ། སྐབས་དྲུག་པའི་གངས་ཆབ་ཟེགས་མའི་རིག་རྩལ་དགོང་ཚོགས་ཆེན་མོའི་སྤྱིའི་འཆར་འགོད་པ།


གེ་རྒྱལ་པདྨ། སྐབས་དྲུག་པའི་གངས་ཆབ་ཟེགས་མའི་རིག་རྩལ་དགོང་ཚོགས་ཆེན་མོའི་སྤྱིའི་འཁྲབ་ཁྲིད་པ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...