སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་མཇུག་སྒྲིལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-5 10:15:00 རྩོམ་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས།
     ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི“གསར་གཏོད་ཀྱིས་མ་འོངས་པའི་སྣེ་ཁྲིད་པ་དང་། ལས་གཏོད་ཀྱིས་འཚོ་བ་ལེགས་སུ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་ལྷ་སར་ཚོགས་པ་རེད།
     ཐེངས་འདིའི་འགྲན་བསྡུར་ཆེ་མོ་ནི2017ལོའི་ཟླ12པའི་ཚེས5ཉིན་ཚོགས་འགོ་ཚུགས་ཤིང་། ཟླ་བ་གཅིག་ཙམ་རིང་འདེམས་སྒྲུག་དང་། ཐོག་མའི་འགྲན་བསྡུར། བསྐྱར་འགྲན་སོགས་བྱས་པ་བརྒྱུད་རྣམ་གྲངས200ལྷག་ཙམ་ཁྲོད་ནས་མཐར་རྣམ་གྲངས11མཐའ་བསྡུར་ནང་ཚུད་པ་ལས། ཨང་དང་པོ1དང་། ཨང་གཉིས་པ2། ཨང་གསུམ་པ3ཕུལ་བྱུང་བྱ་དགའ5བཅས་བདམས་པ་རེད། གཞན་ཡང་དྲ་རྒྱའི་ཐོག་དགའ་བསུ་ཐོབ་མང་ཤོས་ཀྱི་བྱ་དགའ་གཅིག་བསྐྱར་འགྲན་ལ་ཚུད་པའི་རྣམ་གྲངས30ཡི་ཁྲོད་ནས་འདེམས་ཤོག་འཕངས་ཏེ་བདམས་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...