སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་གྱིས《རང་བྱུང་གནོད་འཚེའི་རོགས་སྐྱོབ་སྲོལ་ཡིག》ཟླ1པོའི་ཚེས28ཉིན་ནས་ལག་བསྟར་བྱ་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-12 9:38:00 རྩོམ་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།
     《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་སྲོལ་ཡིག་ལག་བསྟར་བྱེད་ཐབས》ལ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་གྱ་བདུན་པའི་སྟེང་གྲོས་འཆམ་བྱུང་བ་དང་། 2017ལོའི་ཟླ12པའི་ཚེས28ཉིན་དཔར་ནས་བཀྲམ་ལ། 2018ལོའི་ཟླ་དང་པོའི་ཚེས28ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
     མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་དུ་ཆགས་ཡོད་ལ། རང་བྱུང་ཁོར་ཡུག་མི་ལེགས་པ་དང་རང་བྱུང་གནོད་འཚེ་མང་། ཚན་རིག་དང་མཐུན་པའི་རང་བྱུང་གནོད་འཚེའི་རོགས་སྐྱོབ་བྱ་བ་དེ་ངེས་པ་དོན་གྱིས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་དང་། ཚད་མཐོ་བའི་སྒོ་ནས་རང་བྱུང་གནོད་འཚེ་ལས་བཟོས་པའི་གྱོང་གུན་ཇེ་ཆུང་དུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན།
     《བྱེད་ཐབས》ཁྲོད་སྤྱིའི་རྩ་དོན་དང་རོགས་སྐྱོབ་གྲ་སྒྲིག གནོད་འཚེའི་གནས་ཚུལ་ཡར་ཞུ། སྐབས་བསྟུན་རོགས་སྐྱོབ། གནོད་ཐེབས་རྗེས་ཀྱི་རོགས་སྐྱོབ། རོགས་སྐྱོབ་དངུལ་དང་དངོས་རྫས་དོ་དམ། ལས་ཁུངས་དང་མི་སྒེར་གྱི་འགན་འཁྲི་དང་འོས་འགན། ཞར་བྱུང་དོན་ཚན་སོགས་བསྡོམས་པས་ས་བཅད་ཉེར་བདུན་འདུ།
     《བྱེད་ཐབས》ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《རང་བྱུང་གནོད་འཚེའི་རོགས་སྐྱོབ་སྲོལ་ཡིག》གི་གཞི་རྩའི་རྩ་དོན་ལྟར། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་ཚགས་སུ་བཏང་བ་དང་ཁ་གསབ་བྱས་ཡོད་ལ། ཕྱོགས་གཉིས་ཐད་ནས་ཅུང་མངོན་གསལ་ཡིན་ཏེ། གཅིག་ནི་གནོད་འཚེའི་གནས་ཚུལ་ཡར་ཞུ་བྱེད་པ་དེ་ཆེད་བཀོད་དོན་ཚན་ནང་བཞག་ནས་གནོད་འཚེའི་གནས་ཚུལ་ཡར་ཞུ་སྒྲིག་སྲོལ་དེ་སྔར་ལས་ལྷག་པའི་ཚད་ལྡན་དང་འཐུས་ཚང་དུ་བཏང་བ་དང་། ཡར་ཞུའི་ནང་དོན་དང་ཡར་ཞུ་དུས་བཅད་གཟབ་ནན་དུ་བཏང་བར་མ་ཟད། རིམ་པ་སོ་སོའི་སྡེ་ཁག་གི་ལས་འགན་ཇེ་གསལ་དུ་བཏང་ཞིང་། འབྲེལ་ཡོད་གཏན་འཁེལ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གནོད་འཚེའི་གནས་ཚུལ་སྤྱི་སྡོམ་ཡར་ཞུའི་ལམ་ལུགས་ཀྱི་ཚད་གཞི་དང་མཐུན་ལ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གི་ཡུན་རིང་གི་བྱ་བའི་ལག་ལེན་ཉམས་མྱོང་བསྡུ་ལེན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་གནོད་འཚེའི་གནས་ཚུལ་ཡར་ཞུ་བྱ་བར་ཚད་ལྡན་གྱི་དོ་དམ་བྱས། གཉིས་ནི་གནོད་འཚེ་མ་བྱུང་གོང་གི་སྔོན་འགོག་དང་གནོད་འཚེའི་རྗེས་ཀྱི་རང་སྐྱོབ་ལ་དམིགས་ནས། 《བྱེད་ཐབས》ཁྲོད“ལས་ཁུངས་དང་མི་སྒེར་གྱི་འགན་འཁྲི་དང་འོས་འགན”ས་བཅད་ཆེད་དུ་ཁ་སྣོན་བྱས་ཏེ། ལས་ཁུངས་དང་མི་སྒེར་གྱིས་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བ་དང་རང་བྱུང་གནོད་འཚེའི་རོགས་སྐྱོབ་རྩ་འཛུགས་བྱ་བའི་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་ཇེ་གསལ་དུ་བཏང་བས། གནོད་འཚེའི་རྗེས་ཀྱི་སྤྱི་ཚོགས་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒུད་སྐྱོབ་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ། རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་བའི་ཐད་ལག་ལེན་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...