སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གུང་ཧོ་རྫོང་ལ་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་ཐོང་ཐང་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-8 10:37:00 རྩོམ་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།
     ཉེ་ལམ། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་གྲོང་ཁྱེར་དང་ཐད་གཏོགས་གྲོང་ཁྱེར་གྱི་མཁར་ཁུལ། རྫོང་བཅས་སུམ་བརྒྱ་གོ་གཅིག་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་མིང་འདོན་གྲོང་ཁྱེར་དུ་གཏན་ཁེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གུང་ཧོ་རྫོང་སྐོར་འདིའི་མིང་འདོན་གྲོང་ཁྱེར་ཁྲོད་ཚུད་ཡོད།
     རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་ཞེས་པའི་མཚན་སྙན་ནི་ད་ལྟའི་གྲོང་ཁྱེར་མིང་རྟགས་ཁྲོད་མཚན་སྙན་ཆེས་མཐོ་བ་ཞིག་ཡིན། ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་བཀོད་སྒྲིག་ལྟར། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མཚན་སྙན་དེ་ལོ་གསུམ་གྱི་ནང་ཐེངས་གཅིག་ལ་དཔྱད་འདེམས་བྱེད་བཞིན་ཡོད་ལ། ཐོག་མར་མིང་འདོན་ཐོབ་ཐང་ཐོབ་དགོས་པ་དང་དེ་ནས་ལོ་གསུམ་གྱི་འབད་བརྩོན་བརྒྱུད་ན། ད་གཟོད་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་དཔྱད་འདེམས་ཁྲོད་ཞུགས་ཆོག་པ་རེད།
     རྒྱུས་ལོན་བྱུང་བ་ལྟར་ན། གུང་ཧོ་རྫོང་གིས་རིགས་སོ་སོའི་བསམ་པའི་དཔལ་ཡོན་གསར་འཛུགས་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་། སྔ་རྗེས་སུ་གུང་ཧོའི་མི་བཟང་དང་སྐབས་གཉིས་པ་དང་སྐབས་གསུམ་པའི་ཆེས་མཛེས་པའི་གུང་ཧོ་བ། སྐར་ལྔ་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་། ཆེས་མཛེས་པའི་ཁྱིམ་ཚང་སོགས་ཀྱི་དཔྱད་འདེམས་བྱ་འགུལ་སྤེལ་ཏེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་དཔེ་ལེགས་ཅན་གྱི་མི་བརྒྱ་དང་བཅོ་ལྔར་གཟེངས་བསྟོད་བྱས། ཉིས་སྟོང་བཅུ་བདུན་ལོར། རྒྱལ་ཁབ་དཔལ་ཡོན་ཨུ་ཡོན་ལྷན་ཁང་གིས་བསྐྱར་ཞིབ་བྱས་ཏེ་གུང་ཧོ་རྫོང་ལ་རྒྱལ་ཡོངས་དཔལ་ཡོན་རྫོང་མཁར་གྱི་མིང་བཏགས་པ་དང་རྒྱལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང་དུ་བདམས། གུང་ཧོ་རྫོང་གིས་རྒྱུན་ཆད་མེད་པར་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ཇེ་དྲག་དང་ལེགས་བཅོས་བྱས་པ་དང་། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཕྱོགས་གསུམ་གཞི་གཅིག་གི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་མ་ལག་ཧུར་ཐག་གིས་བསྐྲུན་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་བསམ་བློ་ཀུན་སྤྱོད་སློབ་གསོ། ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོ་སོགས་གཏིང་ཟབ་ཏུ་སྤེལ་ནས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གསར་སྐྲུན་བྱས།
     གུང་ཧོ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ནས། མཚེའུ་གཉིས་དང་གྲམ་ངོགས་གཉིས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་བདེ་བླག་ངང་ཡོངས་གྲུབ་བྱས་ལ། དུས་སྐབས་གཉིས་པའི་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད། མཁར་གྲོང་དང་རོང་འབྲོག་ཁུལ་གྱི་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དམ་འཛིན་བྱས་ཏེ་མཁར་གྲོང་འཛུགས་སྐྲུན་གྱི་ཐོད་བརྒལ་གསར་བ་མངོན་འགྱུར་བྱས། དེ་མིན་གུང་ཧོ་རྫོང་གིས་སྐབས་གཉིས་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འགྲན་སྡུར་སྤེལ་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གང་ལེགས་སྒོས་མངོན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...