སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོའི་བསམ་བློའི་རིག་གནས་དྲིལ་སྒྲོག་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གཟེངས་བསྟོད་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-14 9:44:00 རྩོམ་ཁུངས། མཚོ་ལྷོའི་བོད་ཡིག་སྨྱན་གསར། ཀློག་གྲངས།

     སྤྱི་ཟླ3པའི་ཚེས12ཉིན། ཁུལ་ཡོངས་ཀྱིས་བསམ་བློའི་རིག་གནས་དཔལ་ཡོན་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཆབ་ཆ་རུ་བསྡུས། གྲོས་ཚོགས་སྟེང་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། བསམ་པའི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུུའུ་རིན་བཅས་ཀྱི་ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་སློབ་སྦྱོང་དང་། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁེ་ཡིས་ཁུལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་མཛུབ་སྟོན་གལ་ཆེན་གནང་། ཕྱོགས་ཡོངས་ནས་ལོ་སྔོན་མའི་བྱ་བར་སྤྱི་བསྡོམས་དང་ད་ལོར་ཁུལ་ཡོངས་ཀྱི་བསམ་བློའི་རིག་གནས་དྲིལ་བསྒྲག་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས།

     ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བང་ཅན་མེན། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡེ་ཝན་པེན། ཞིང་ཆེན་རིག་གནས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཁྲིན་ཆང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཀྲིན་ཆིན། རྫོང་ཨུ་སོ་སོའི་ཧྲུའུ་ཅི་གཞོན་པ་དང་།  དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། རིག་གནས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སོགས་གྲོས་ཚོགས་སྟེང་ཞུགས།

     ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཞོ་བེ་ཡིས་ལོ་སྔོན་མའི་བྱ་བར་ཕྱིར་རྟོགས་བྱེད་སྐབས2017ལོར་ཁུལ་ཡོངས་ཀྱི་རིག་གནས་དྲིལ་སྒྲོག་ཁྲོད་སློབ་སྦྱོང་དང་། དྲིལ་སྒྲོག ཀྲུའུ་ཞི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ཏང་གི་སྐབས་བཅུ་དགུ་པ། མཚོ་སྔོན་ཞིང་ཆེན་གྱི་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ་གཙོར་བཟུང་ནས་གཏན་འཇགས་སྒོས་བྱ་བ་སྤྱིའི་རྨང་གཞིའི་བསྒྱུར་བཅོས་འབུར་དུ་ཐོན་པ། གཞུང་ལུགས་དང་གསར་འགྱུར། རིག་རྩལ། བསམ་པའི་དཔལ་ཡོན། འདུ་ཤེས་འཛིན་སྟངས་སོགས་བྱ་བ་སོ་སོར་གྲུབ་འབྲས་གསར་བ་མངོན་པར་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་བསྐྲུན་དགོས་པ་བསྟན།
     གྲོས་ཚོགས་ལས་ན་ནིང་གི་ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་དང་། ཁུལ་ཡོངས་ཀྱི་དྲ་འཕྲིན་བྱ་བ་སྤྱི་བསྡོམས་དང་། ད་ལོའི་བྱ་བའི་འགན་འཁྲི་གཙོ་བོ་བཀོད་སྒྲིག་གནང་།

     གྲོས་ཚོགས་སྟེང་། ཞིན་ཧྭ་དྲ་བའི་མཚོ་སྔོན་འཕྲིན་ལམ་དང་། མི་དམངས་དྲ་བའི་མཚོ་སྔོན་འཕྲིན་ལམ་སོགས་དྲ་ཚིགས་ལྔ་ལ2017ལོའི་ས་གནས་གསར་འགྱུར་དྲིལ་སྒྲོག་བྱ་བའི་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་གནང་། དེ་མིན་མཚོ་ལྷོ་ཚགས་པར་གྱི་སྐད་འཕྲིན་སྤྱི་སྟེགས་དང་། གུང་ཧོ་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་། ཀོས་ནན་རྫོང་དྲིལ་སྒྲོག་པུའུ་སོགས2017ལོའི་ཁུལ་ཡོངས་ཀྱི་བསམ་བློའི་རིག་གནས་བྱ་བའི་དྲིལ་བསྒྲགས་སྔོན་ཐོན་ཐུན་མོང17ལ་གཟེངས་བསྟོད་གནང་། ད་དུང་ཐུང་ཡུན་ཧྥང་སོགས་སྔོན་ཐོན་མི་སྣ15དང་། ཝང་ཧེ་ཞིན་སོགས་ཁྱིམ་ཚང50ལ2017ལོའི་ཁུལ་ཡོངས་ཀྱི་སྐར་རིམ་ལྔའི་དཔལ་ཡོན་ཁྱིམ་ཚང་གི་གཟེངས་བསྟོད་གནང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...