སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་འཚོལ་བཤེར་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་དབུ་ཚོགས་ཀྱི་གྲུབ་འབྲས་འགྲེམ་སྟོན་དུ་ཞུགས་རྒྱུ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-8 9:17:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟིས་ཡོངས་འཛིན་རུ་ཁག་གི་སྣེ་ཁྲིད་དེ་ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲིག་གྲོང་ཁྱེར་དུ་སྤེལ་བའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་དབུ་ཚོགས་ཀྱི་གྲུབ་འབྲས་འགྲེམ་སྟོན་སྐབས་དང་པོར་ཞུགས་རྒྱུ་ཡིན་པ་རེད།
     གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་དབུ་ཚོགས་ཀྱི་གྲུབ་འབྲས་འགྲེམ་སྟོན་སྐབས་དང་པོ་ནི་རྒྱལ་ཁབ་འཕྲིན་སྦྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། ཧྥུ་ཀྲིག་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཁག་གིས་འགན་སྒྲུབ་གནང་ཞིང་། མཛད་སྒོ་ནི་སྤྱི་ཟླ4བའི་ཚེས22ཉིན་གྱི་སྔ་དྲོར་སྤེལ་རྒྱུ་ཡིན་ལ། གླེང་སྟེགས་གཙོ་བོ་དེ་སྤྱི་ཟླ4བའི་ཚེས22ཉིན་གྱི་སྔ་དྲོའི་མཛད་སྒོ་རྗེས་སུ་སྤེལ་རྒྱུ་དང་། ཡན་ལག་གླེང་སྟེགས་ནི་ཚེས22ཉིན་གྱི་ཕྱི་དྲོ་ནས་ཚེས23ཉིན་སྤེལ་རྒྱུ་རེད། དེར་གློག་རྡུལ་སྲིད་དོན་དང་། གྲངས་འཛིན་དཔལ་འབྱོར། རིག་ལྡན་སྤྱི་ཚོགས། གསར་རྣམ་རིག་ལྡན་གྲོང་ཁྱེར། གཞི་གྲངས་ཆེན་མོ། གྲངས་འཛིན་ཧྥུ་ཅན། གྲངས་འཛིན་ཧའེ་སི། དངོས་སྦྲེལ་དྲ་བ་སོགས་བརྗོད་གཞི་ཁེབས་ཤིང་། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་ཚོགས་ནི་སྤྱི་ཟླ4བའི་ཚེས21ནས་ཚེས25བར་སྤེལ་བ་སྟེ། དེར་གློག་རྡུལ་སྲིད་དོན་དང་གྲངས་འཛིན་དཔལ་འབྱོར། གྲངས་འཛིན་ཧྥུ་ཅན། གྲངས་འཛིན་སྤྱི་ཚོགས་ཉམས་ཚོར་སོགས་པར་ངོས་འདུས། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་ལོ་འཁོར་ཕུལ་བྱུང་ལག་ལེན་འོས་སྦྱོར་བྱ་འགུལ་ནི་སྤྱི་ཟླ4བའི་ཚེས22ཉིན་གྱི་ཕྱི་དྲོར་སྤེལ་རྒྱུ་ཡིན་ཏེ། གློག་རྡུལ་སྲིད་དོན་ཕུལ་བྱུང་ལག་ལེན་གྲུབ་འབྲས་ཐད་ཡུལ་དངོས་ནས་འོས་སྦྱོར་དང་དཔྱད་འཇོག་གནང་རྒྱུ་རེད། སྤྱི་ཟླ4བའི་ཚེས24ཉིན་གྱི་སྔ་དྲོར་མཇུག་སྒྲིལ་བ་ཡིན།

     འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ“ཡོངས་འཛིན”ཤར་གཏོང་བྱས་པ་ནས་ད་ལྟའི་བར། ཀློག་པ་པོ་མི་ཐེངས་དུང་ཕྱུར5ལས་བརྒལ་ཞིང་། ཉིན་རེའི་ཀློག་མཁན་མི་ཐེངས་ཁྲི300ཡས་མས་སུ་སླེབས་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་། དེ་མིན་དབྱིན་ཇི་དང་། ཧྥ་རན་སི། འཇར་མན། ཨ་རི། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ70ལྷག་ལ་ཁེབས་ཡོད། ད་ལོར་ཡོངས་འཛིན་འཚོལ་བཤེར་མ་ལག་གི་ཚོང་གཉེར་ལམ་བུ་བཏོད་དེ། ཁྲོམ་རའི་གཏིང་ནུས་ངར་སློང་བྱ་རྒྱུ་ཡིན།
     ཐེངས་འདིར་ཡོངས་འཛིན་འཚོལ་བཤེར་དེ་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་དབུ་ཚོགས་གྲུབ་འབྲས་འགྲེམ་སྟོན་སྐབས་དང་པོར་ཞུགས་པར་མཚོ་ལྷོ་ཁུལ་ཚོན་ལྡན་བོད་ཀྱི་གཙགས་དྲུབས་སྒྱུ་རྩལ་ཚད་ཡོད་ཀུང་ཟི་དང་། མང་རྫོང་གངས་ལྷ་མེ་ཏོག་མི་རིགས་གྱོན་ཆས་ཚད་ཡོད་ཀུང་ཟི། དར་ཁྱབ་སྲང་ལམ་ཚོང་ཁང་བཅས་ཀྱི་མཉམ་འབྲེལ་རོགས་སྐྱོར་ཐོབ་ཅིང་། ཐེངས་འདིའི་རོགས་སྐྱོར་བྱ་འགུལ་ནི་སྤྱི་ཟླ4བའི་ཚེས20ཉིན་བར་སྤེལ་བ་ཡིན་ལ། མཉམ་འབྲེལ་བྱ་འདོད་པའི་ཁེ་ལས་དག་གིས་མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་སྐུ་ཞབས་ཞུའེ་ལ་འབྲེལ་གཏུག་གནོངས་དང(འབྲེལ་གཏུག་ཁ་པར། 13639748004/0974—8522228)། ཡོངས་འཛིན་འཚོལ་བཤེར་གྱིས་ལྷག་བསམ་འཁོལ་བས་རོགས་སྐྱོར་གྲོགས་པོ་དང་མཉམ་དུ་གྲངས་འཛིན་ཀྲུང་གོའི་གྲུབ་འབྲས་འགྲེམ་སྟོན་དུ་ཞུགས་ངེས་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...