སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་སྐད་ཀྱི་གཞས་མ་གཏམ་རོལ་དབྱངས་ཆེད་བསྒྲིགས་ཐོག་མ་དེ་ཟི་ལིང་དུ་འགྲེམ་སྤེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-10 15:14:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།


གྲོང་ཁྱེར་གྱི་བོད་པ་ཅེས་པའི་ཆེད་སྒྲིག་འགྲེམས་སྤེལ་ཡུལ་དངོས།

     སྤྱི་ཟླ4པའི་ཚེས6ཉིན་གྱི་ཕྱི་དྲོར། རང་ཞིང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཞས་མ་གཏམ་གཏོང་མཁན་ཀླུ་སྒྲུབ་རྒྱ་མཚོས་བརྩམས་པའི་གཞས་མ་གཏམ་གྱི་རོལ་དབྱངས་ཆེད་བསྒྲིགས《གྲོང་ཁྱེར་གྱི་བོད་པ》ཅེས་པ་ཟི་ལིང་ནས་ཐོག་མར་འགྲེམ་སྤེལ་བྱས་ཤིང་། འདི་ནི་རྒྱལ་ནང་དུ་ཁེར་ཚུགས་སྒོས་གསར་རྩོམ་བྱས་པའི་བོད་སྐད་ཀྱི་གཞས་མ་གཏམ་གྱི་རོལ་དབྱངས་ཆེད་བསྒྲིགས་ཤིག་རེད།
     གསར་འགོད་པས་འགྲེམ་སྤེལ་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། རོལ་དབྱངས་ཆེད་བསྒྲིགས《གྲོང་ཁྱེར་གྱི་བོད་པ》འདི་ནི2014ལོ་ནས་བཟུང་ཚགས་སྒྲིག་བྱས་ཤིང་། ལོ་ངོ་གསུམ་གྱི་དུས་ཚོད་སྤྱད་དེ་གསར་རྩོམ་ལེགས་འགྲུབ་བྱུང་བ་ཞིག་རེད།  ཆེད་བསྒྲིགས་ཧྲིལ་པོའི་བརྗོད་དོན་ཁ་གསལ་ཞིང་། འཚོ་བ་དངོས་ལ་སྦྱར་ཡོད་པ་དང་། ཟུར་མི་འདྲ་བ་ནས་གཞས་པ་རང་ཉིད་མཚར་ལོངས་བྱུང་བའི་འཚོ་བའི་བརྒྱུད་རིམ་བརྗོད་ཡོད་པ་དང་། གཏིང་ཟབ་པའི་ཚིག་དོན་ལ་བརྟེན་ནས་ཕ་ཡུལ་དང་མི་རིགས་ལ་བཅིངས་པའི་བརྩེ་བ་བརྗོད་ཡོད། ཀླུ་སྒྲུབ་རྒྱ་མཚོས་ངོ་སྤྲོད་བྱས་པ་ལྟར་ན། རང་ཉིད་ཆུང་བྱིས་པའི་དུས་ནས་བཟུང་གྲོང་ཁྱེར་དུ་ཡོང་ནས་དེ་རིང་བར་འཚོ་བ་རོལ་བ་ཡིན་པས། ཆེད་བསྒྲིགས་ཀྱི་མིང་ལ《གྲོང་ཁྱེར་གྱི་བོད་པ》ཞེས་འདོགས་དོན་ནི། གསར་བ་གསར་རྐྱང་གི་རོལ་དབྱངས་ཁྱད་ཆོས་ཤིག་བོད་ཀྱི་ས་ཆ་འདི་ནས་རྐང་ཚུགས་པའི་ཁར། འཛམ་གླིང་གི་ཡང་རྩེར་འཚོ་བའི་མི་རྣམས་ཀྱིས་ཀྱང་ཕྱི་རོལ་ཡུལ་དང་འབྲེལ་ཐུབ་པའི་བརྩམས་ཆོས་རྩོམ་ཐུབ་པ་འཛམ་གླིང་ལ་ཤེས་སུ་འཇུག་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པས་ཀུན་ནས་བསླངས་པ་ཡིན་ཟེར།
     ཤེས་གསལ་ལྟར་ན། ཆེད་སྒྲིག་དེ་ཝང་དབྱི་སྤྲིན་རོལ་དབྱངས་དང་། QQརོལ་དབྱངས། སོའུ་ཀོའུ་རོལ་དབྱངས་སོགས་སྟེགས་བུ་ནས་གཏང་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...