སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཛམ་བྷ་ལའི་སྐོར་བྲོ་འགྲན་ཚོགས་ཆེན་མོ་རྔ་བ་ཁུལ་འཛམ་ཐང་རྫོང་དུ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-12 16:21:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།

     སྤྱི་ཟླ4བའི་ཚེས9ཉིན་གྱི་ཕྱི་དྲོར། ཛམ་བྷ་ལའི་སྐོར་བྲོ་འགྲན་ཚོགས་ཆེན་པོ་དེ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་གི་རིག་གནས་ཐང་ཆེན་དུ་འགྲན་མགོ་ཚུགས་ཤིང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ12ཀྱི་ཞིང་འབྲོག་མང་ཚོགས་མི2600ལྷག་འཁྲབ་སྟོན་ལ་ཞུགས་ཡོད། འགྲན་ཞུགས་ཚོགས་པ་སོ་སོས་གྲལ་འགྲིག་པའི་རུ་དཔུང་བསྒྲིགས་ཤིང་གདོང་ལ་འཛུམ་མདངས་རྒྱས་ནས། ཚད་མེད་པའི་ཡིད་ཆེས་ཀྱིས་བརྟས་ཏེ་ཚོགས་ར་རུ་ཕེབས་བྱུང་།

     འཁྲབ་ཚན25དང་འཁྲབ་ཡུན་ཆུ་ཚོད5ལྷག་གི་རིང་ལ། དགའ་སྐྱིད་ཀྱིས་བརྟས་པའི་ཛམ་བྷ་ལའི་རོལ་དབྱངས་དང་སྦྲགས་ཏེ། ཞིང་འབྲོག་དམངས་ཚོགས་ཀྱིས་ལག་རྡང་སྦྲེལ་ཏེ་དྭངས་གཙང་མཐོ་སྒང་གི་ཡུལ་ནས། བཀྲ་ཤིས་པའི་སྐོར་བྲོ་འཁྲབ་ཅིང། འཛམ་ཐང་མི་དམངས་ཀྱིས་སྙན་པའི་དབྱངས་རྟ་དང་མཛེས་པའི་སྟངས་སྟབས་རེ་རེ་རྣ་བའི་བཅུད་དང་མིག་གི་དགའ་སྟོན་དུ་འདྲེན་པར་བྲེལ་བཞིན་གདའ།
     འཁྲབ་སྟོན་པ་རྣམས་ཀྱིས་དབྱངས་རྟའི་འགྱུར་བག་དང་བསྟུན་ཏེ་ཡིད་དུ་འོང་པའི་གར་གྱི་གར་སྟབས་ལས་ཛམ་བྷ་ལའི་སྐོར་བྲོའི་ཐུན་མིན་ཁྱད་ཆོས་མངོན་པར་བྱས་ཤིང་། ཛམ་བྷ་ལའི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་གྱི་ཡིད་ཆེས་ཀྱང་བསྟན་བྱུང་།
     འཛམ་ཐང་ནི་སྔར་བཞིན་གསོན་ཤུགས་རྒྱས་ཤིང་གཟི་དཔལ་འབར་བཞིན་ཡོད། འཛམ་ཐང་རྫོང་གིས་སྒྱུ་རྩལ་གྱི་ཕུགས་བསམ་དང་འཚོ་བ་གཉིས་གཞི་གཅིག་ཏུ་སྦྲེལ་ཞིང་། རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕྱོགས་བཞིའི་མགྲོན་པོའི་ཡིད་སེམས་བཀུག་དང་འགུག་བཞིན་མཆིས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...