སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་གྱིས་ལྗང་བསྒྱུར་སྐུལ་སློང་གྲོས་ཚོགས་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-13 10:50:00 རྩོམ་ཁུངས། མཚོ་ལྷོའི་སྨྱན་གསར། ཀློག་གྲངས།
     སྤྱི་ཟླ4བའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་སྐུལ་སློང་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་རྒྱལ་ཁོངས་ལྗང་བསྒྱུར་ཐད་ནས་མཐོར་འདེགས་ཆེན་པོའི་དུས་སྐབས་སུ་སླེབས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་བབ་གསར་བ་དང་རེ་འདུན་གསར་བ་དང་བསྟུན་པ། མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བསམ་ཚུལ་དང་། ལྗང་བསྒྱུར་ལས་དོན་ཐད་ཀྱི་འགན་འཁྲི་དང་བློས་གཏོང་གི་སྙིང་སྟོབས་ཁྱེར་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པ་དང་ཁྱིམ་གཞི་མཛེས་བསྒྱུར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར།
     རྡོ་རྗེ་རབ་བརྟན་དང་ཝང་ཞའོ། ཝང་ཡུས་པའོ། ཆུའུ་ཞིན་ཡོང་། གའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཏུའུ་ཅེ། ཀྲང་ཝུན་ཁོས་བཅས་གྲོས་ཚོགས་ལ་ཞུགས།
     ཝང་ཅན་ཅོན་གྱིས་གཏམ་བཤད་སྐབས་བསྟན་དོན། སྡོང་འཛུགས་ནགས་བསྐྲུན་དང་རྒྱལ་ཁོངས་ལྗང་བསྒྱུར་བྱེད་རྒྱུ་ནི། ཏང་ཀྲུང་དབྱང་གིས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་འཐབ་ཇུས་གལ་ཆེན་ཡིན་ལ། སྤྱི་དམངས་ཀྱི་ཁྲིམས་བཀོད་འོས་འགན་ཡང་ཡིན་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཡི་རེ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་ན། རྒྱལ་ཁོངས་ལྗང་བསྒྱུར་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་ཇེ་བརྟན་ཏུ་གཏོང་བའི་ཆབ་སྲིད་འགན་འཁྲི་དང་། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་སྟེང་ཡོད་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་སྟེང་ཡོད་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་སྟེང་ཡོད་པའི་ཆེས་ཆེ་བ་གསུམ་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས། དུས་རབས་གསར་བའི་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འགྱུར་ལྡོག་དང་མཐུན་པར་བྱེད་པའི་ནང་ཁོག་གི་རེ་བ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། 2017ལོ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་གྱི་ལོ་རྒྱུས་སྟེང་གི་གྲུང་འབྲས་ཆེས་བཟང་བའི་ལོ་གཅིག་ཡིན། ལོ་གཅིག་ནང་། ཞིང་ཆེན་གོང་འོག་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། གཞི་ཁྱོན་ཆེན་པོས་རྒྱལ་ཁོངས་ལྗང་བསྒྱུར་འགུལ་སྐྱོད་སྤེལ་ལ། རྒྱལ་ཁོངས་ལྗང་བསྒྱུར་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། དེའི་ཁྲོད་ཞུགས་པའི་མི་གྲངས་ཧ་ཅང་མང་ཞིང་མ་དངུལ་ཡང་མང་པོ་བཏང་བ་མ་ཟད། ལྗང་བསྒྱུར་གྱི་གྲུབ་འབྲས་སྔ་ན་མེད་པ་བླངས་ཟེར།
     ཝང་ཅན་ཅོན་གྱིས་བསྟན་དོན། དུས་རབས་གསར་བར་རྐང་འཛུགས་པ་དང་། འགོ་ཚུགས་ས་གསར་བའི་སྟེང་འགྲེང་ནས། མཚོ་སྔོན་གྱི་རྒྱལ་ཁོངས་ལྗང་བསྒྱུར་དེ་མཐོར་འདེགས་ཆེན་པོའི་དུས་སྐབས་སུ་སླེབས་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་བརྟན་པོ་འཛུགས་པའི་དུས་སྐབས་ཡིན་སྟེ། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཉིན་རེ་བཞིན་མི་སེམས་སུ་སིམ་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་འཚོ་བར་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་ལེགས་པའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུ་རུ་སྐྱོད་པའི་ཡིད་ཆེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གྱུར་ལ། མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་ཏུ་གྱུར་ཡོད། དེ་ནི་སྐྱེ་ཁམས་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དུས་སྐབས་ཤིག་ཡིན་སྟེ། རྒྱལ་ཁོངས་ལྗང་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། ནགས་ལས་བཟོ་སྐྲུན་གལ་ཆེན་དང་ལྗང་བསྒྱུར་བཟོ་སྐྲུན་རབ་དང་རིམ་པ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། མི་སྡོད་ཁོར་ཡུག་དང་སྐྱེ་ཁམས་ཐེག་འཁུར་ནུས་པ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ལ། རབ་མཛེས་མཚོ་སྔོན་གྱི་ལྗང་བསྒྱུར་ཚད་ཀྱང་རྒྱུན་མ་ཆད་པར་ཇེ་མཐོར་སོང་། དེ་ནི་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་དུས་སྐབས་ཤིག་ཡིན་སྟེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ནགས་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ། རྒྱུ་སྤུས་མཐོ་བའི་སྒོས་ནས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས། དེ་ནི་དམངས་ཚིས་ལེགས་བསྒྱུར་ལ་དོ་སྣང་ཆེན་པོ་བྱེད་པའི་དུས་སྐབས་ཤིག་ཡིན་སྟེ། རྒྱལ་ཁོངས་ལྗང་བསྒྱུར་དང་སྐྱེ་ཁམས་མཛེས་བསྒྱུར། མང་ཚོགས་ཕྱུག་བསྒྱུར་གསུམ་མཐུན་སྦྱོར་ངང་སྤེལ་བར་རྒྱུན་འཁྱོངས་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པའི་ལག་ལེན་ཁྲོད། ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་སྔར་ལས་མང་པོ་ཐོབ་ཐུབ་པ་བྱུང་། དེ་ནི་གྲུབ་འབྲས་བཟང་བོ་ལེན་པའི་དུས་སྐབས་ཤིག་སྟེ། མཛེས་སྡུག་གི་ཀྲུང་གོ་དང་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་། མི་དང་རང་བྱུང་གཉིས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེ་གཏོང་ན། ང་ཚོས་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་། མི་ཚང་མས་ཤུགས་འདོན་པ་དང་མི་ཚང་མས་གྲུབ་འབྲས་ལེན་པའི་རྣམ་པ་གསར་བ་གྲུབ་པར་བྱེད་པ། ས་གཞི་སྐྱེད་ཚལ་ཅན་དུ་བསྒྱུར་ནས། མེས་རྒྱལ་གྱི་ས་གཞི་ལྗང་བསྒྱུར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།
     ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁོངས་ལྗང་བསྒྱུར་ཐད་ཀྱི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འཆར་གཞི་བཟང་བོ་འགོད་པར་རྒྱུན་འཁྱོངས་བྱེད་པ། རིམ་པ་རེ་རེ་བཞིན་རྒྱུན་མཐུད་དེ་འབད་འཐབ་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་མཚོ་སྔོན་གྱི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་བཟང་བོར་བསྒྲུབ་དགོས། གཅིག་གྱུར་སྒོས་སྤེལ་བར་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་རིམ་ལྡན་པའི་བསམ་བློར་བརྟེན་ནས་རྒྱལ་ཁོངས་ལྗང་བསྒྱུར་བཟོ་སྐྲུན་སྤེལ་བ་དང་། ཆོས་ཉིད་ལ་བརྩི་འཇོག་བྱེད་པ། འཆར་གཞི་ལག་བསྟར་བྱེད་པ། ཆུ་ཚད་ལ་བལྟས་ནས་ས་བོན་འདེབས་པ། འཚར་ལོངས་ཀྱི་གཏན་ཤུགས་ཇེ་དྲག་ཏུ་གཏོང་བ། སེམས་ཞིབ་མོས་སྲུང་སྐྱོབ་བྱས་ཏེ། རྩི་ཤིང་གི་སྐྱེ་སྟོབས་ཆེར་སྐྱེད་དགོས། གནད་དོན་ཁ་ཕྱོགས་འབུར་ཐོན་བྱེད་དགོས། བཅོས་བསྒྱུར་ལ་རྒྱབ་རྟེན་ནས། རྒྱལ་ཁབ་ཀྱི་ནགས་ལས་བཅོས་བསྒྱུར་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཉིས་ཀྱིས་སྒྲིག་གཞི་ཚོད་ལྟ་འཛུགས་སྐྲུན་དང་། ཆི་ལེན་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་དང་རྩྭ་ས་སླར་གསོ་བཟོ་སྐྲུན། གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས། མཉམ་དུ་འདེབས་འཛུགས་དང་མཉམ་དུ་དོ་དམ། མཉམ་སྤྱོད་བྱེད་པའི་རྣམ་པ་གྲུབ་པར་བྱེད་དགོས། མཚོ་སྔོན་གྱི་རྩི་ཤིང་འདེབས་འཛུགས་ཐད་ཀྱི་རྐྱེན་སྲོལ་གསར་བ་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བྱེད་དགོས། འབད་འཐབ་ནི་རྒྱལ་ཁོངས་ལྗང་བསྒྱུར་གྱི་ཡུན་རིང་གི་བརྗོད་དོན་ཡིན་ལ། མཚོ་སྔོན་གསར་བའི་ལྗང་མདོག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་ནི་སྐལ་བཟང་གི་སྙིང་སྟོས་དར་སྤེལ་བྱས་ཏེ། བླ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ང་ཚོ་ཐུན་མོང་གི་ཁྱིམ་གཞི་འཚོ་སྐྱོང་བྱེད་དགོས་ཟེར།
     ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁོངས་ལྗང་བསྒྱུར་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོར་མིག་དཔེ་བསྟན་ཡོད་པས། ང་ཚོས་འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ནས། ཆབ་སྲིད་དང་བསམ་བློ། འགུལ་སྐྱོད་སྟེང་ནས་ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་། དམངས་ཡོངས་ལ་སྐུལ་སློང་བྱེད་པ། རང་ཉིད་ནས་འགོ་བརྩམས་ཏེ། བྱ་བ་བཟང་བོར་བསྒྲུབ་པ་དང་གྲུབ་འབྲས་ལེན་པ། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་ཁྱེར་ནས་རྒྱལ་ཁོངས་ལྗང་བསྒྱུར་གྱི་རླབས་ཆེན་ལག་ལེན་ཁྲོད་ཞུགས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་གྱི་གྲུབ་འབྲས་གསར་བས་སྤྱི་ཁྱབ་ཧྲུའུ་ཅིའི་དྲིན་ལན་འཇལ་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་དྲིན་ལན་འཇལ་དགོས་ཟེར།
     གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་རང་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁོངས་ལྗང་བསྒྱུར་སྤེལ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བརྗེ་རེས་གཏམ་བཤད་སྤེལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...