སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་ཁྱོན་ཡོངས་སུ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-13 11:27:00 རྩོམ་ཁུངས། མཚོ་ལྷོའི་བོད་ཡིག་སྨྱན་གསར། ཀློག་གྲངས།

     སྤྱི་ཟླ4བའི་ཚེས11ཉིན། དུས་ཡུན་ཉིན3ཡིན་པའི་མཚོ་ལྷོ་ཁུལ་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་ཁྱོན་ཡོངས་སུ་སྤེལ་མགོ་བརྩམས་ཤིང་། གསེར་ཆེན་རྫོང་རྒྱལ་ཁོངས་ལྗང་བསྒྱུར་ལོ་གསུམ་སྔ་སྣུར་གྱི་འགུལ་བསྐྱོད་འཆར་འགོད་མགོ་རྩོམ་མཛད་སྒོ་དང་འོས་འགན་སྡོང་འཛུགས་སྐུལ་སློང་ཚོགས་ཆེན་བདེ་སྐྱིད་ཐང་ནས་བསྡུས། ཁུལ་རིམ་པའི་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། གསེར་ཆེན་རྫོང་གི་ལས་ཁུངས་སོ་སོའི་ལས་བྱེད་པ་དང་སློབ་གྲྭ་སོ་སོའི་དགེ་སློབ་དང་། ཁེ་ལས་ལས་བཟོ་བ། མང་ཚོགས10000ལྷག་ལ་ཉེ་བ་ཐེངས་འདིའི་སྡོང་འཛུགས་བྱ་འགུལ་ལ་ཞུགས།

     མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་དང་ཁུལ་དཔོན་བསོད་ནམས་དོན་གྲུབ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀུན་བཟང་། གསེར་ཆེན་རྫོང་ཨུའི་ཧྲུའུ་ཅི་ཁྲིན་ཧོང་ལེན། ཁུལ་ཨུའི་དྲུང་ཡིག་ཆེན་མོ་མ་ཅན་ཧོང་། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཀླུ་འབུམ་རྒྱལ། གསེར་ཆེན་རྫོང་གི་རྫོང་དཔོན་དཔལ་ལྡན་སོགས་གུང་ཧོ་རྫོང་གི་ལས་རིགས་སོ་སོའི་མང་ཚོགས་དང་སློབ་མ་དང་མཉམ་དུ་སྡོང་འཛུགས་བྱ་འགུལ་ལ་ཞུགས།

     རྒྱུས་ལོན་པ་ལྟར་ན། ད་ལོ་མཚོ་ལྷོ་ཁུལ་གྱིས་ནགས་ལས་ཐད་མ་དངུལ་སྒོར་དུང་ཕྱུར1.71གཏོང་བ་ལེགས་འགྲུབ་དང་རྒྱལ་ཁོངས་མུའུ་ཁྲི76.97ལྗང་བསྒྱུར་བྱ་རྒྱུ་དང་། དེའི་ཁྲོད་དུ་མིས་བཟོས་ནགས་མུའུ་ཁྲི39.46དང་རི་བཀག་ནགས་གསོ་མུའུ་ཁྲི35.91ལྷག་ལྗང་བསྒྱུར་བྱ་རྒྱུ་ཡིན་ལ། ཁུལ་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཐད་སྡོང་ཕྲུག་རྐང་ཁྲི260ལས་བརྒལ་བ་འཛུགས་རྒྱུ་རེད།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...