སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གླུ་མ་རིག་བཟང་ལྷ་མོའི་གླུ་དབྱངས་ཆེད་བསྒྲིགས་ཐོག་མ་གཏེར་ཁ་གྲོང་ཁྱེར་དུ་འགྲེམ་སྤེལ་བྱས།
རྩོམ་པ་པོ། གུ་རུ་འོད་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-16 9:08:00 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས།


གླུ་མ་རིག་བཟང་ལྷ་མོའི་གླུ་དབྱངས་ཆེད་བསྒྲིགས་ཐོག་མ་གཏེར་ཁ་གྲོང་ཁྱེར་དུ་འགྲེམ་སྤེལ་བྱས།


གླུ་མ་རིག་བཟང་ལྷ་མོས་ཨ་ཅེ་སྣང་ས་ཞེས་པའི་
གླུ་དབྱངས་བླངས་ཏེ་དེར་ཕེབས་ཀྱི་སྐུ་མགྲོན་རྣམས་ལ་བཀའ་དྲིན་ཞུས།


བོད་ཀྱི་ན་གཞོན་གླུ་བ་རིག་འཛིན་ཐར་གྱིས་གླུ་དབྱངས་བླངས་ཏེ་མོའི་ཆེད་བསྒྲིགས་འགྲེམ་སྤེལ་བྱ་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།

     མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་བོང་སྟག་གླུ་མ་རིག་བཟང་ལྷ་མོའི་གླུ་དབྱངས་ཆེད་བསྒྲིགས་ཐོག་མ《ཨ་ཅེ་སྣང་ས》ཞེས་པའི་འགྲེམ་སྤེལ་མཛད་སྒོ་དེ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚོགས་ཤིང་། མཛད་སྒོའི་སྟེང་དུ་མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་ཀྱི་ཀྲུའུ་རིན་དོན་གྲུབ་ཚེ་རིང་དང་མཚོ་ནུབ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ཀུན་གྲགས། མཚོ་ནུབ་མང་ཚོགས་སྒྱུ་རྩལ་ལས་ཁུངས་ཀྱི་འགོ་བ་པཱ་ཡུན་སི་ཀི་ལིས། པེ་ཅིང་ཁ་བ་ཅན་གློག་བརྙན་རིག་གནས་སྤྱི་གཉེར་ཁང་གི་འགན་འཛིན་པ་འབྲོང་སྐྱེས་བསོད་ནམས་རྒྱལ། གླུ་ཚིག་རྩོམ་པ་པོ་བོང་སྟག་རི་ལུ་སོགས་སྐུ་མགྲོན50ལྷག་ཞུགས་ཡོད་ལ། བོད་ཀྱི་གླུ་ཚིག་རྩོམ་པ་པོ་བོང་སྟག་རི་ལུས་བོད་ཀྱི་གླུ་དབྱངས་རིག་གནས་ཀྱི་འདས་མ་ད་གསུམ་དང་བསྡོངས་ཏེ་གླུ་མ་རིག་བཟང་ལྷ་མོའི་ཆེད་བསྒྲིགས་ལ་དྲང་ལྡོག་གཉིས་ཆ་ནས་ལྟ་ཚུལ་ལྷུག་པོར་བརྗོད། ད་དུང་རི་ཕྱོར་བ་སྟོབས་ལྡན་རྒྱལ་དང་འབྲོང་སྐྱེས་བསོད་ནམས་རྒྱལ། གངས་བུ་སྒྲོལ་ལོག་དང་མོག་བུ་ཡེ་ཤེས་སྐྱབས་སོགས་ཀྱིས་བོད་ཀྱི་གླུ་དབྱངས་རིག་གནས་ཀྱི་གནས་བབས་ལ་བཟུང་བའི་ལྟ་ཚུལ་དང་རེ་བ་བརྗོད།

རིག་བཟང་ལྷ་མོ་ངོ་སྤྲོད།

     གཞོན་སྐྱེས་གཞས་མ་རིག་བཟང་ལྷ་མོ་ནི་མདོ་སྨད་བོང་སྟག་གི་ཚོ་བ་སྟེ་ད་ལྟའི་ཐེམ་ཆེན་རྩྭ་ཐང་ནས་ལང་ཚོའི་གཉོམ་ལག་རྒྱས་ཤིང་། ལྷན་སྐྱེས་ཀྱི་སྐད་ངག་དང་བག་ཆགས་ཀྱི་དགའ་ཕྱོགས་ཀྱིས་བསྐྱེད་དེ་གླུ་གར་སྒྱུ་རྩལ་གྱི་ལམ་བུའི་ཕུགས་འདུན་རིང་མོ་འདི་ལ་འབད་བརྩོན་བྱེད་བཞིན་ཡོད། 2012ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན།
     ཁོ་མོའི་གཞས་རྙིང《ལུག་རྫི་བུ་མོ》དང《མཚོ་སྐོར་གཞས་ཆུང》སོགས་ཀྱིས་ཉན་མཁན་ཁྲི་ཕྲག་ལ་བག་ཆགས་ཟབ་མོ་བཞག ད་ལོར་ཡང་ཁོ་མོས་ལོ་ངོ་དུ་མའི་རིང་ལ་དཀའ་སྤྱད་སྡུག་རུས་ཀྱིས་བསྐྲུན་པའི་གླུ་དབྱངས་ཆེད་བསྒྲིགས《ཨ་ཅེ་སྣང་ས》ཞེས་པ་རྒྱ་ཆེའི་བོད་རིགས་སྤུན་ཟླ་དག་ལ་གནམ་ལོ་གསར་བའི་ལེགས་སྐྱེས་སུ་དབུལ་རྒྱུ་རེད་པས་ཀུན་གྱིས་དོ་ཁུར་དང་རྒྱབ་སྐྱོར་ཡོད་པར་ཞུ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...