སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་གིས་མི་ཉག་གནའ་བྲོ་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ། དཔལ་ལྡན་བཀྲ་ཤིས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-16 10:45:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།


གནའ་བྲོ་ཡག གནའ་བྲོ་ཡག མི་ཉག་གནའ་བྲོའི་ལྟད་མོ་ཡག

     སྤྱི་ཟླ4པའི་ཚེས13ཉིན། མི་ཉག་ཡུལ་གྱི་གནའ་བོའི་ཡུལ་སྲོལ་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་གི་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གིས་མི་ཉག་གནའ་བྲོའི་འགྲན་སྡུར་སྐབས་དང་པོ་སྤེལ་ཞིང་། ཐེངས་འདིའི་བྱེད་སྒོ་ནང་ལོ་རིམ་བདུན་པ་དང་ལོ་རིམ་བརྒྱད་པ། མཐོ་འབྲིང་དང་པོ་དང་མཐོ་འབྲིང་གཉིས་པ་བཅས་ཚན་ཆུང་བཞིའི་འཐུས་མི་འཁྲབ་སྟོན་པ180ཞུགས།
     འགྲན་སྡུར་གྱི་བྱེད་སྒོ་ལས་མི་ཉག་གི་གནའ་བྲོ་ལ་རྒྱུས་མངའ་ལྡན་ཞིང་བྲོའི་ཉམས་མྱོང་ཕུན་སུམ་ཚོགས་པའི་དཔྱད་འདེམ་པ་བདུན་གདན་དྲངས་ནས་དྲང་བདེན་དང་དྲང་གཞག་གིས་སྐར་གྲངས་བརྒྱབ་པར་བརྟེན་མཐོ་གཅིག་ཚན་ཆུང་ལ་ཨང་དང་པོ་དང་།མཐོ་གཉིས་ཚན་ཆུང་ལ་ཨང་གཉིས་པ། ལོ་རིམ་བདུན་པ་དང་བརྒྱད་པ་ལ་རྟིང་སྐུལ་བྱ་དགའ་བཅས་ཐོབ་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...