སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་ཆེད་ཚོགས་ཐོན་ལ་ཉེ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-17 9:51:00 རྩོམ་ཁུངས། ཁམས་པའི་བརྙན་འཕྲིན་དྲ་བ། ཀློག་གྲངས།

     ཡང་བསྐྱར་ཟླ་རེར་ཐེངས་རེ་སྤེལ་བའི་གླུ་ཚོགས་ཀྱི་དུས་ལ་ཐོན། 《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》སྒྲུབ་པ་ནས་བཟུང་ད་ལྟའི་བར་དུ་ངོ་མཚར་ལྟད་མོ་གང་མང་ཞིག་གླུ་ཞེན་ཚོའི་མིག་གི་དགའ་སྟོན་ལ་བཤམས་མྱོང་ཞིང་། བརྙན་འཕྲིན་དང་དྲ་ལམ་སོགས་ཀྱི་ལྟད་མོ་བ་དག་གིས་དགའ་བསུ་ཆེན་པོ་ཐོབ་དང་འཐོབ་བཞིན་འདུག དེ་ལས་ད་དུང་རོལ་མོ་བ་དང་སྤྱི་ཚོགས་སྟེང་གི་གླུ་གཞས་སྒྱུ་རྩལ་གྱི་ཚོགས་པ་གང་མང་གིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་མཆིས།
     ཐེངས་འདིའི《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》ཀྱི་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་ཆེད་ཚོགས་ནི་སྔོན་དང་བསྡུར་ན་མི་འདྲ་བ་ཞིག་ཡིན་ལ། སྐབས་སྔོན་མའི་གླུ་ཚོགས་སུ་བོད་ཁུལ་གྱི་མིང་དུ་གྲགས་པའི་གླུ་པ་དང་གླུ་མ་གདན་འདྲེན་ཞུས་པ་ཡིན་ལ། རེབ་འདི་སྟེ། 2018ལོའི《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》སྐབས་གསུམ་པའི་སྟེང་དུ་ང་ཚོས་གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པ་གདན་འདྲེན་ཞུས་ཡོད།

     སི་ཁྲོན་གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པ་ནི2001ལོར་བཙུགས་པ་ཡིན་ལ། སྒྱུ་རྩལ་ཚོགས་པས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་ཐད་ཀྱི་རྒྱུད་འཛིན་དང་དར་སྤེལ། ལྷག་པར་དུ་བོད་ཁུལ་གྱི་སྲོལ་རྒྱུན་རོལ་དབྱངས་འཚོལ་བསྡུ་དང་གསར་བསྒྱུར། རྒྱ་ཁྱབ་སོགས་ཀྱི་ཕྱོགས་ལ་འབད་པ་ལྷོད་མེད་བྱས་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད།
     སྔ་གཞུག་ཏུ《རི་བོ་ཐང་ལྷའི་དྲག་རླུང》དང《བོད་ཀྱི་བྱིས་པ》《རྒོད་པོའི་གཤོག་འགྱུར》《བརྩེ་བའི་ཕ་ས》《མཛེས་མའི་ལུང་པ། བདག་གི་གཞིས་ཁྱིམ》སོགས་བོད་ཁུལ་དང་ནང་ལོགས་གང་དུ་ཡང་ཁྱབ་རྒྱ་ཆེ་བའི་རོལ་དབྱངས་བརྩམས་ཆོས་གང་མང་པར་སྐྲུན་འགྲེམ་སྤེལ་བྱས།
     དེ་ལས་བློ་བཟང་དོན་འགྲུབ་དང་། སྦྱིན་བཟང་། བཀྲ་ཤིས་ཉི་མ། བསོད་ནམས་བཀྲ་ཤིས། ནམ་མཁའ་མཚོ། ཨ་ཀུན། དར་རྒྱས། ལྷ་མོ་སྤུན་གཉིས། བསོད་ནམས་དབྱངས་ཅན། དོན་ཡོད་དོན་འགྲུབ། ཨ་གཡང་ཚེ་རིང་སོགས་གྲངས་ཉུང་མི་རིགས་ཀྱི་གླུ་པ་གླུ་མ་གང་མང་ཞིག་ལ་གར་སྟེགས་བསྐྲུན་ནས་གསོ་སྐྱོང་བྱས་པ་དང་། ལྷག་པར་དུ་གླུ་གཞས་ལ་དགའ་ཞེན་ཡོད་པའི་ལོ་ཆུང་གཞོན་ནུ་དག་ལ་ཕུགས་བསམ་མངོན་འགྱུར་བྱེད་པའི་གར་གྱི་སྟེགས་བུ་ཞིག་བསྐྲུན།
     ད་ལྟ། གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པ་ནས་འཚར་ལོངས་བྱུང་བའི་གླུ་པ་དང་གླུ་མ་རྒྱལ་ཡོངས་ཀུན་ལ་ཁྱབ་ཡོད། ཚང་མར་མཚོན་ན《རི་བོ་ཐང་ལྷའི་དྲག་རླུང》ཞེས་པའི་བརྙན་འཁོར་འདི་ཆ་རྒྱུས་མེད་པ་ཞིག་ག་ལ་ཡིན། འདི་ནི་ལང་ཚོའི་ཕྱིར་དྲན་དང་རྨི་ལམ་ལ་གཤོག་པ་ཐོགས་པའི་ལེའུ་ཞིག
     ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོའི་དུས་ཚོད4སྟེང་ནས། 2018ལོའི《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》སྐབས་གསུམ་པ་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་ཆེད་ཚོགས་དུས་ལྟར་འཚོག་རྒྱུ་རེད།
དྲ་ཐོག་ཐོག་གཏོང་དུས་ཚོད། 2018ལོའི་ཟླ5པའི་ཚེས1ཉིན།
བརྙན་འཕྲིན་ཐོག་གཏོང་དུས་ཚོད། 2018ལོའི་ཟླ5པའི་ཚེས5ཉིན།
འཛིན་བྱང་ལེན་ཚུལ། ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་དེ། “འཛིན་བྱང”ཞེས་ཡི་གེ་བསྐུར་ན།  སྒྲིག་ལམ་ལྟར་འཛིན་བྱང་ཐོབ་པའི་གོ་སྐབས་ཡོད། འཛིན་བྱང་མང་པོ་མེད་པས་དམ་འཛིན་བྱོས་ཨ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...