སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐབས2པའི་ཉི་ཤར་བྱམས་གླུ་དུས་ཆེན་ཟླ་འདིའི་ཚེས23ཉིན་སྤེལ་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-17 10:34:00 རྩོམ་ཁུངས། བདེ་ཆེན་བོད་ཡིག་སྨྱན་བྱད། ཀློག་གྲངས།

     བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། བདེ་ཆེན་ཁུལ་གྱི་སྐབས་གཉིས་པའི་ཉི་ཤར་བྱམས་གླུ་དུས་ཆེན་དང་དངོས་མིན་རིག་གནས་ཤུལ་བཞག་གི་ཉི་ཤར་བྱམས་གླུ་དར་སྤེལ་དང་རྒྱུན་འཛིན་གྲུབ་འབྲས་འགྲེམ་སྟོན་གྱི་ཕྲེང་བསྟར་བྱེད་སྒོ་དེ་སྤྱི་ཟླ4བའི་ཚེས23ཉིན་ཉི་ཤར་ཤང་དུ་འགོ་ཚུགས་རྒྱུ་རེད།
     བྱེད་སྒོའི་སྐབས་སུ། མི་བརྒྱའི་བྱམས་གླུའི་མེ་ཕུང་དགོང་ཚོགས་དང་མི་རིགས་ལག་བཟོ་ཐོན་རྫས་འགྲེམ་སྟོན་སོགས་ཕུན་སུམ་ཚོགས་པོའི་བྱེད་སྒོ་བསྡུ་རྒྱུ་རེད།

     ལོ་རེའི་ཟླ4བར། ཉི་ཤར་ཡུལ་གྱི་ག་ས་གང་དུ་ཁམ་བུའི་མེ་ཏོག་སོགས་མེ་ཏོག་སྣ་ཚོགས་བཞད་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་པ་དང་བྱམས་གླུ་འཁྲབ་སྟེ། ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད།
     ཤེས་གསལ་བྱུང་དོན། སྐབས་གཉིས་པའི་ཉི་ཤར་བྱམས་གླུ་དུས་ཆེན་གྱི་སྐབས་སུ་ད་དུང་བོད་ལུགས་རྫ་མའི་འགྲེམ་སྟོན་བྱ་རྒྱུ་རེད། བདེ་ཆེན་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཉི་ཤར་རྫ་མ་བཟོ་མཁན་གྱིས་སྲོལ་རྒྱུན་གྱི་འཚོ་བའི་སྤྱོད་ཆས་བཟོ་བཞིན་ཡོད་པ་མ་ཟད། ད་དུང་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་སྤྲས་རྒྱན་ཆའང་བཟོ་བཞིན་ཡོད། མིག་སྔར། ཉི་ཤར་ཡུལ་ཚོས་བཟོས་པའི་རྫ་མའི་སྣ་རིགས200ལྷག་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...