སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་འཚོལ་བཤེར་གྱིས་གྲངས་འཛིན་ཀྲུང་གོའི་གྲུབ་འབྲས་འགྲེམ་ཚོགས་སུ་གྲུབ་འབྲས་འགྲེམ་རྒྱུ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-24 8:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ4བའི་ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད10:00ཡི་སྟེང་། འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ་ཡོངས་འཛིན་འཚོལ་བཤེར་གྱིས་ཧྥུའུ་ཀྲིག་གྲོང་ཁྱེར་མཚོ་འགག་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་ཚོགས་གློག་རྡུལ་སྲིད་དོན་འགྲེམ་ཁང7པའི་གྲུབ་འབྲས་འགྲེམ་ཁུལ་དུ་ཡོངས་འཛིན་འཚོལ་བཤེར་གྱི་གྲུབ་འབྲས་འགྲེམ་སྤེལ་བྱ་རྒྱུ་རེད།

     ཚེས23ཉིན། ཡོངས་འཛིན་འགྲེམ་སྟོན་རུ་ཁག་གིས་ལས་རིགས་ནང་ཁུལ་གྱི་ལས་རིགས་གཅིག་པ་ཅན་དང་། སྨྱན་བྱད། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་འགྲེམ་ཞུགས་ལས་ཁུངས་དང་འགྲེམ་ཁང40ལྷག་གི་འགྲེམ་ཞུགས་ཚོང་བ་གདན་ཞུ་སྒོས་ཡུལ་དངོས་ཡོངས་འཛིན་གྲུབ་འབྲས་འགྲེམ་སྟོན་དུ་ཞུགས་རྒྱུ་རེད།

     ཡོངས་འཛིན་འཚོལ་བཤེར་གྲུབ་འབྲས་འགྲེམ་སྤེལ་ཚོགས་འདུས་གསལ་འགྲེལ་དང་གསལ་བརྗོད། དེ་མིན་བརྙན་རིས་འགྲེམ་གཏོང་སོགས་ཀྱི་རྣམ་པར་བརྒྱུད། ཕྱོགས་ཡོངས་ནས་ཡོངས་འཛིན་གྱི་ཚན་རྩལ་གྲུབ་འབྲས་དང་སྤྱི་ཚོགས་རིན་ཐང་དྲིལ་སྒྲོག་དང་ཁྱབ་སྤེལ་བྱེད་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...