སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆོས་དབྱིངས་སྐྱིད་སོགས་ལུས་རྩལ་པས་རྨད་དུ་བྱུང་བའི་གྲུབ་འབྲས་བླངས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-7 17:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ5པའི་ཚེས5ནས་ཚེས6བར། 2018ལོའི་རྒྱལ་སྤྱིའི་རྒྱུག་འགྲན་ལས་འཛམ་གླིང་ཚོགས་པའི་འདུར་རྒྱུག་བྱ་དགའི་འགྲན་སྡུར་དེ་ཅང་སུའུ་ཞིང་ཆེན་ཐེ་ཚང་གྲོང་ཁྱེར་དུ་བསྡུ་བཞིན་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་ཆོས་དབྱིངས་སྐྱིད་སོགས་ཀྲུང་གོའི་འཐུས་ཚབ་ཀྱིས་སྐྱེས་མའི་སྤྱི་ལེ20ཅན་གྱི་ཚོགས་པའི་འགྲན་སྡུར་ཁྲོད་ཨང་དང་པོ་དང། ཆུ་ཚོད1སྐར་མ27སྐར་ཆ05ལ་བརྟེན་ནས་རྒྱལ་སྤྱིའི་མི་སྒེར་གྱི་ཨང་གཉིས་པ་བླངས།

     གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་མཱ་ཧྥ་ཡུན་དང་ཀླུ་མོ་འཚོ་གཉིས་ཀྱིས་ཀྲུང་གོའི་འཐུབ་ཚབ་ཀྱི་སྐྱེས་མའི་སྤྱི་ལེ50ཡི་ཚོགས་པའི་འགྲན་སྡུར་ཁྲོད་ཨང་དང་པོ་སླངས་ཤིང། མཱ་ཧྥ་ཡུན་གྱིས་རྒྱལ་སྤྱིའི་མི་སྒེར་ལས་ཨང་ལྔ་བ་དང་། རྒྱལ་ནང་གི་ཨང་གསུམ་པ་བླངས་ཤིང་། ཀླུ་མོ་འཚོ་ཡིས་རྒྱལ་སྤྱིའི་མི་སྒེར་ལས་ཨང་བདུན་པ་དང་རྒྱལ་ནང་གི་ཨང་བཞི་བའི་འབྲས་བུ་ཅུང་ལེགས་པོ་བླངས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...