སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གློག་བརྙན《སྦྲ་ནག་གི་གཏམ་རྒྱུད་》ལ་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱི་བསྐོ་མིང་བྱ་དགའ་ཐོབ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-8 10:45:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ལམ། ལུའོ་ཧྲན་ཅིའི་ལྷོའི་མཚོ་ཁུག་ཕྱེད་གླིང་དུ་སྤེལ་བའི"2018ལོའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས15"བདེ་བླག་ངང་མཇུག་སྒྲིལ་ཞིང་། མཚོ་ནུབ་ཁུལ་རིག་རྩལ་རྒྱང་བསྒྲགས་ཅུའུ་དང་མཚོ་ནུབ་རླུང་འཕྲིན་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕབ་བསྐྲུན་གནང་བའི་བོད་ཀྱི་དམངས་སྲོལ《སྦྲ་ནག་གི་གཏམ་རྒྱུད》ཅེས་པར་སྐབས་འདིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱི་གཏམ་རྒྱུད་གློག་བརྙན་ཁྲོད་བསྐོ་མིང་བྱ་དགའ་ཐོབ།

     རྒྱུས་ལོན་པ་ལྟར་ན། སྐབས་འདིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་དུ་བསྡོམས་པས་རྒྱལ་ཁབ43གྱི་གློག་བརྙན100ལྷག་འགྲན་ཐོར་བཀོད་པ་དང་། མཇུག་མཐར་རྒྱལ་ཁབ32ཀྱི་གློག་བརྙན94བདམས་ཐོན་བྱུང།
     གློག་བརྙན་འདིའི་གཙོ་འདོན་པས་མཚམས་སྦྱོར་གནང་བ་ལྟར་ན། 《སྦྲ་ནག་གི་གཏམ་རྒྱུད》ནི་དངོས་ཡོད་ལོ་རྒྱུས་དང་སྒྲུང་གཏམ་སོགས་བརྗོད་གཞིར་བྱས་ཏེ། ཕྱོགས་ཡོངས་ནས་བོད་མི་རིགས་ཀྱི་དམངས་སྲོལ་རིག་གནས་ངོ་སྤྲོད་གནང་ཡོད། འདི་ནི་གཙོ་ཆེར་ཕྱུགས་རིགས་འཚོ་སྐྱོང་གི་འཚོ་བའི་གོམས་སྲོལ་གཙོར་བཟུང་སྟེ། དམངས་ཁྲོད་ཀྱི་གཟུགས་འདས་རིག་གནས་དར་སྤེལ་བྱེད་པར་བརྩོན་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...