སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་ནག་ཆུ་ས་ཁུལ་དེ་ནག་ཆུ་གྲོང་ཁྱེར་དུ་བསྒྱུར་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-8 11:38:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།


སྤྱི་ཟླ5བའི་ཚེས7ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་དེ་ནག་ཆུ་ས་ཁུལ་དུ་བསྒྱུར་བའི་སྒོ་བྱང་བཀལ།

     སྤྱི་ཟླ5བའི་ཚེས7ཉིན་གྱི་སྔ་དྲོར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ས་ཁུལ་དེ་གྲོང་ཁྱེར་དུ་བསྒྱུར་བའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཤིང་། ནག་ཆུ་གྲོང་ཁྱེར་བོད་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དྲུག་པར་གྱུར་ཡོད་པ་དང་། མིག་སྔར་རྒྱལ་ཡོངས་ཀྱི་ས་བབ་ཆེས་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་གྱུར་ཡོད། དེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་བཀྲམས་བྱས་པའི《བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ས་ཁུལ་ཕྱིར་འཐེན་བྱས་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་བསྒྱུར་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》ལྟར་ན། ནག་ཆུ་ས་ཁུལ་གྱིས་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དང་། ནག་ཆུ་རྫོང་གསེར་ཉིན་ཆུས་ལ་བསྒྱུར་བ། དེ་སྔའི་ནག་ཆུ་རྫོང་གིས་སྲིད་འཛིན་ས་ཁོངས་གསེར་ཉིན་ཆུས་ཀྱི་སྲིད་འཛིན་ས་ཁོངས་བྱེད་པ་བཅས་ལ་དངོས་སུ་མཆན་བཀོད་བཀའ་ལན་སྤྲད་པ་རེད།
     ནག་ཆུ་ས་ཁུལ་ལ“བྱང་ཐང་གི་ནོར་གཞོང་”ཞེས་པའི་མཚན་ཐོགས་ཡོད་ཅིང་། མུ་འབྲེལ་རྩྭ་ཐང་ཐོག་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། བསྡོམས་པས་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར6.32ཡོད་པ་དང་། དེའི་བོད་ལྗོངས་འབྲོག་ལས་ཀྱི་ཕྱེད་ཀ་ཟིན་ཡོད་པ་རེད། ཕྱུགས་ལས་ཐོན་རྫས་དང་། གཏེར་ཁ། ཡུལ་སྐོར་སྤྲོ་གསེང་། བོད་སྨན། སྨན་རྩྭ། ཆུ་ནུས། རླུང་ནུས། ཉི་ནུས་ཐོན་ཁུངས་སོགས་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ཀྱིས་ནག་ཆུའི་ཐུན་མིན་གྱི་མཛེས་པ་གྲུབ་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...