སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ།
རྩོམ་པ་པོ། བྱམས་པས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-17 9:45:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།


མཇུག་བསྡུའི་མཛད་སྒོའི་སྟེང་བྱ་དགའ་སྤྲོད་པའི་ཡུལ་དངོས།


འགྲན་བསྡུར་གྱི་བྱ་དགའི་བུམ་པ།

      སྤྱི་ཟླ5བའི་ཚེས14ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ལུས་རྩལ་འགྲན་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་ཉིན17རིང་འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད་གྲོང་ཁྱེར་རིག་གནས་ལུས་རྩལ་ལྟེ་གནས་སུ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ལ། སློབ་གསོའི་ཁོངས་གཏོགས་ཀྱི་ལུས་རྩལ་པའི་འཐུས་ཚབ་ཚོགས་པས་སྤྱི་པའི་སྐར་གྲངས་ཨང་དང་པོ་ཐོབ།
     རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ཁྲོད་ལྷུན་གྲུབ་རྫོང་གི་འཐུས་མི་རུ་ཁག་ལ་མི་རིགས་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ། སྔོན་སྲུང་ལུས་རྩལ་མཐུན་ཚོགས་ཀྱི་འཐུས་མི་རུ་ཁག་ལ་གཟེབ་གྲུག་སྤོ་ལོའི་འགྲན་བསྡུར་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ། འདམ་གཞུང་རྫོང་གི་འཐུས་མི་རུ་ཁག་ལ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ། སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་མི་རུ་ཁག་ལ་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ། སློབ་གསོའི་མ་ལག་གི་འཐུས་མིའི་རུ་ཁག་དང་ཁྲེང་ཀོན་ཁུལ་གྱི་འཐུས་མི་རུ་ཁག  འདམ་གཞུང་རྫོང་གི་འཐུས་མི་རུ་ཁག་སོ་སོའི་བསྡོམས་སྐར་ཚོགས་པའི་སྔོན་མའི་ཨང་རིམ་གསུམ་ཡིན།
     སྐབས་འདིའི་འགྲན་བསྡུར་ལ་འཐུས་མི་རུ་ཁག18དང་འགྲན་ཞུགས་ལུས་རྩལ་པ1830ཡོད། ཁོང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ཀྱིས“དེ་བས་མཐོ་བ་དང་དེ་བས་མགྱོགས་པ། དེ་བས་སྟོབས་ཆེ་བའི”ཨོ་ལིམ་ཕིག་སྙིང་སྟོབས་འགྲེལ་བཤད་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་བྱ་གཞག་གི་དགའ་འོས་པའི་གྲུབ་འབྲས་བཅས་མངོན་ཡོད།
     ཤེས་རྟོགས་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་བརྒྱུད་རྩལ་འགྲན་ལུས་རྩལ་རྗེས་གྲབས་མི་སྣ་གསོ་སྐྱོང་འདེམས་སྒྲུག་དང་། ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་བཙུགས་ནས། ཟླ8པའི་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་བཞིན་པ་རེད།
     ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལས་དོན་ཐད། གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཝང་ཉིང་གིས་བརྗོད་རྒྱུར། ལྷ་ས་གྲོང་ཁྱེར་གྱིས་སྤྱི་པའི་ལུས་རྩལ་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དང་། དམངས་ཡོངས་ཀྱི་ལུས་སྦྱོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ལུས་རྩལ་དང་རིག་གནས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་དགོས་པ་མ་ཟད། སྔར་བས་ཧུར་ཐག་གིས་ལུས་རྩལ་དེ་ཡུལ་སྐོར་དང་རིག་གནས། སྤྲོ་གསེང་། སྨན་བཅོས། རོལ་རྩེད་སོགས་གཞི་གཅིག་ཏུ་འདྲེས་པའི་ལུས་སྦྱོང་བྱེད་སྒོ་སྤེལ་བ་དང་། སྤུས་རྟགས་རང་བཞིན་དང་མི་རིགས་རང་བཞིན། སྣ་མང་རང་བཞིན་གྱི་ལུས་རྩལ་ལུས་སྦྱོང་ལས་གཞི་དང་ཐོན་རྫས་བསྐྲུན་དགོས།
     རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་རིམ་པ་རྗེས་མར་ཧུར་ཐག་གིས་རྫོང་དང་ཁུལ་རེ་ལ་སྤུས་རྟགས་རྣམ་གྲངས་གཅིག་རེ་བསྐྲུན་ནས། ལྷ་ས་གྲོང་ཁྱེར་གྱི་རྗོང་དང་ཁུལ་ཚང་མར་སྤུས་རྟགས་ལུས་རྩལ་རྣམ་གྲངས་རེ་ཡོད་པར་བརྩོན་ལེན་བྱས་ཏེ། མི་རིགས་ལུས་རྩལ་གྱི་ལས་འགུལ་སྤེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པ་དང་། མི་དེ་བས་མང་པོ་ལུས་རྩལ་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་ཐུབ་པ་དགོས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...