སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་འགྲེམ་སྟོན་བྱ་འགུལ་མཚོ་ལྷོར་སྤེལ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-9 16:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ལོ་རེའི་ཟླ་དྲུག་པའི་གཟའ་སྤེན་པ་གཉིས་པ་ནི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཡིན་ལ། ཀྲུང་གོའི་སྐམ་ས་ཆེན་མོའི་རིག་གནས་འཛུགས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཀྱང་ཡིན་ཏེ། ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་ཁ་དབུགས་ལེགས་པོ་བསྐྲུན་པ་དང་། མི་དམངས་མང་ཚོགས་ཀྱིས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ངོས་ཟིན་མཐོར་འདེགས་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་ཤུལ་བཞག་རིག་གནས་ལ་དོ་སྣང་དང་སྲུང་སྐྱོབ་སྒོས། སྤྱི་ཚོགས་ཡོངས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་ཡིན།

     སྤྱི་ཟླ6པའི་ཚེས9ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་སྐབས་གཉིས་པའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་འགྲེམ་སྟོན་བྱ་འགུལ་དེ་མཚོ་ལྷོ་ཁུལ་རིག་གནས་སྨྱན་བྱད་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ།

     སྐབས་འདིའི་གཟུགས་འདས་ཤུལ་བཞག་དུས་ཆེན་དུ“སྣ་འཛོམས་གཟུགས་འདས་ཤུལ་བཞག་དང་། མཛེས་སྡུག་འཚོ་བ”བརྗོད་གཞི་བྱས་ཏེ། “དུས་རབས་གསར་བ་དང་། འཚོ་བ་གསར་བ། རྒྱུན་འཛིན་གསར་བའི”ལྟ་བ་རྒྱུན་འཁྱོངས་བྱེད་པ་ཡིན། འདིར་གཙོ་ཆེར་ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཆེད་ཚོགས་འཁྲབ་སྟོན་དང་། ཞིང་ཆེན་ཡོངས་ཀྱི་སྲོལ་རྒྱུན་ནུས་རྩལ་རྣམ་གྲངས་འགྲེམ་སྟོན། ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་སོགས་བྱ་འགུལ་སྣ་མང་འདུས།

     བྱ་འགུལ་གྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ལ་ཟུར་མང་པོ་དང་ཕྱོགས་ཡོངས་སྒོས་རྣམ་པར་ངོམ་པ་དང་། དེར་བོད་རིགས་ཆང་གཞས་དང་། ཟ་ལར་རིགས་ཀྱི་དམངས་གཞས། ཧོས་རིགས་ཀྱི་སྟོན་གཞས། སོག་རིགས་ཀྱི་དམངས་གླུ། བོད་རིགས་བཙིར་འགྱིག་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས46འགྲེམ་སྟེགས་སུ་བུད་ཅིང་། སྣ་མང་ཕུན་སུམ་ཚོགས་ཤིང་རྣམ་པར་བཀྲ་བའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱིས་གཟིགས་མོ་བ་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག


མགོ་ལོག་གི་སྡེར་ནང་ས་བྲིས་ཡིག་གཟུགས།

     ཐེངས་འདིའི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་སྤེལ་བ་ལས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་བྱེད་པ་དང་། གཟུགས་འདས་ཤུལ་བཞག་ཤེས་བྱ་དང་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་སྒོས་སྲོལ་རྒྱུན་རོལ་དབྱངས་དང་སྲོལ་རྒྱུན་བྲོ་གར། སྲོལ་རྒྱུན་ནུས་རྩལ། བརྙན་ཕབ་བརྩམས་ཆོས། གཟུགས་འདས་ཤུལ་བཞག་གྲུབ་འབྲས་འགྲེམ་སྟོན་སོགས་ངོམ་པར་བརྒྱུད། ཉེ་བའི་ལོ་འགའི་ནང་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་གྲུབ་འབྲས་གལ་ཆེན་བླངས་པ་དང་ཕུལ་བྱུང་ལག་ལེན་དཔེ་སྟོན་གནང་སྟེ། མི་དམངས་ཀྱིས་ཉན་སྤྲོ་ཞིང་ལྟ་བར་དགའ་བ་དང་ཉམས་ཚོར་དྲག་པོའི་གཟུགས་འདས་ཤུལ་བཞག་འགྲེམ་སྟོན་བྱེད་པ་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཤེས་བྱ་ཁྱབ་རྡལ་དང་དམངས་ཡོངས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་ལྷན་དུ་དོ་ཁུར་དང་བརྩི་འཇོག དགའ་ཞེན་དང་ཟབ་ཞུགས་བྱེད་པའི་ཁ་དབུགས་ལེགས་པོ་བསྐྲུན།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...