སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ས་གཙང་སྐྱེས་པའི་གཟེབ་གྲུག་རུ་ཁག་གིས་རྒྱལ་ཡོངས་སྐྱེས་པའི་གཟེབ་གྲུག་མཉམ་འགྲན་དུས་ཚིགས་ཀྱི་རྒྱལ་ཁ་བླངས།
རྩོམ་པ་པོ། བྱམས་པས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-12 10:13:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།

     སྤྱི་ཟླ6ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་། 2018ལོའི་རྒྱལ་ཡོངས་ཀྱི་སྐྱེས་པའི་གཟེབ་གྲུག་སྤོ་ལོ་མཉམ་འགྲན་ལྷ་སའི་འགྲན་ཁུལ་གྱི་འགོ་ཚུགས་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་རིག་གནས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས། འགོ་ཚུགས་འགྲན་བསྡུར་དེ་ལྷ་སའི་ས་གཙང་སྐྱེས་པའི་གཟེབ་གྲུག་རུ་ཁག་དང་ཧྥུ་ཅན་གློག་དམར་རུ་ཁག་བར་བྱས། ལྷ་སའི་ས་གཙང་རུ་ཁག་གིས་མཐའ་མ118:85བསྡུར་གྲངས་ཆེན་པོས་ཧྥུ་ཅན་གློག་དམར་རུ་ཁག་ལས་རྣམ་པར་རྒྱལ་བ་དང་། འགྲན་བསྡུར་དུས་ཚིགས་ཀྱི་རྒྱལ་ཁ་ཐོག་མ་བླངས།

     འགྲན་བསྡུར་འགོ་ཚུགས་མ་ཐག ཕྱོགས་གཉིས་ཀའི་དཔུང་ཁག་མགྱོགས་མྱུར་ངང་འགྲན་ཉམས་མངོན། ཧྥུ་ཅན་གློག་དམར་རུ་ཁག་གིས་སྔོན་ལ་སྐར་མ་བླངས་ཏེ་གནས་སྐབས་སུ་མཐོར་ཆགས། དེ་རྗེས་ཕྱོགས་གཉིས་ཀྱིས་སྤོ་ལོ་རུ་ཁག་གིས་རང་ངོས་ཀྱི་ཁྱད་ཆོས་ལ་གཞིགས་ནས། རྒོལ་འགོག་ཕྱོགས་གཉིས་ལ་ བརྩོན་པ་བྱས། འགྲན་བསྡུར་ཕྱེད་ཀ་ཚར་དུས་ལྷ་སའི་ས་གཙང་རུ་ཁག་གིས་སྐར་མ་3གྱི་ཉམས་ཞན་པའི་བཟང་ཆས་འགྲན་བསྡུར་ཕྱེད་ཕྱི་མར་སླེབས།
     འགྲན་བསྡུར་འགོ་ཚུགས། ལྷ་སའི་ས་གཙང་རུ་ཁག་གིས་ཐེངས་མང་པོར་རྒོལ་བས་ནང་མིས་ལག་ཐོབ་བྱུང་བ་དང་། ཕྱི་མིའི་ཕྱོགས་མང་པོར་སྐར་མ་བླངས། འགྲན་ཚིགས་གསུམ་པ་མཇུག་བསྒྲིལ་དུས་སྐར་མ20ཡིས་མཐོ་བོ་ཡོད། ཧྥུ་ཅན་གློག་དམར་རུ་ཁག་ནི་ཐོག་མར་མཐོ་སྒང་དུ་སླེབས་ཏེ་ཚད་དྲག་པའི་འགྲན་བསྡུར་ལ་ཞུགས་པ་དང་། ལུས་ཤུགས་བཀོད་སྒྲིག་ཐད་ལ་གནད་དོན་བྱུང་པས། མཐའ་མ་ལྷ་སའི་ས་གཙང་རུ་ཁག་སྐར30ཡིས་མཐོ་བས་ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁ་ཐོབ་པ་རེད།
     འགྲན་བསྡུར་མཇུག་འགྲིལ་རྗེས། ལྷ་སའི་ས་གཙང་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོས་བརྗོད་རྒྱུར། ཐེངས་འདིར་གཙོ་བོ་འགོག་སྲུང་རྒོལ་ལན་སློག་པའི་ཐད་རྒྱལ་སོང་བ་རེད། ད་དུང་སྐར་མ་ཕོག་ཚད་ཤིན་ཏུ་མཐོ་བོ་ཡོད། རུ་མི་ཚོས་རུ་ཁག་ གི་གཟི་ཉམས་མངོན་པ་དང་། ས་གནས་ཀྱི་ལྟད་མོ་བ་ཚོར་ཡིད་དབང་འཕྲོག་པའི་འགྲན་བསྡུར་ཐེངས་ཤིག་སྐྱེས་སུ་ཕུལ།


ལྷ་སའི་ས་གཙང་རུ་ཁག་གི་རུ་མིས་ལྒང་ལི་འཁྲབ་སྟོན་བྱེད་པ།

     རྒྱུས་ལོན་བྱུང་བ་ལྟར་ན། ལྷ་སའི་ས་གཙང་སྐྱེས་པའི་གཟེབ་གྲུག་རུ་ཁག2015ལོ་བཙུགས་ཚུན། རྒྱལ་ཡོངས་ཀྱི་འགྲན་བསྡུར་སྣ་ཚོགས་ནང་ཧུར་ཐག་གིས་ཞུགས། ས་གཙང་དར་མའི་རུ་ཁག་དང་གཞོན་ནུ་རུ་ཁག་ལ་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་གཟེབ་གྲུག་སྤོ་ལོའི་ལུས་རྩལ་གྱི་སྟོང་ཆ་ཁག16བསྐངས། འཛམ་གླིང་གི་ཟིན་ཐོ་གསར་བ་3བསྐྲུན། ཅི་ཉི་སི་འཛམ་གླིང་ཟིན་ཐོའི་རྣམ་གྲངས1སྙན་ཞུ་ཕུལ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...