སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་མདོ་བརྙན་འཕྲིན་གྱི“མེ་ཏོག་གངས་ལྷ”རྟགས་མའི་ན་ཆུང་བྱིས་པའི་གླུ་གཞས་འགྲན་ཚོགས་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-22 11:13:00 རྩོམ་ཁུངས། ཨ་མདོའི་བརྙན་འཕྲིན། ཀློག་གྲངས།
     ཨ་མདོ་བརྙན་འཕྲིན་གྱིས་བོད་ཀྱི་བྱིས་པའི་གླུ་གཞས་དར་རྒྱས་གོང་འཕེལ་དང་ན་ཆུང་བྱིས་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད།“མེ་ཏོག་གངས་ལྷ”རྟགས་མའི་ན་ཆུང་བྱིས་པའི་གླུ་གཞས་འགྲན་ཚོགས་སྐབས་གཉིས་པ་བསྡུས་ཏེ།གླུ་གཞས་སྒྱུ་རྩལ་ལ་དགའ་མོས་ཆེ་བའི་ན་ཆུང་གཞས་པ་གཞས་མ་ཚོར་རང་གི་རིག་རྩལ་འཇོན་ཐང་ངོམ་སའི་གར་སྟེགས་ཤིག་འདོན་སྤྲོད་བྱ་རྒྱུ་ཡིན་པས།ན་ཆུང་གཞས་པ་གཞས་མ་ཚོས་གླུ་གཞས་བརྩམས་ཆོས་ང་ཚོ་ལ་བསྐུར་ནས།“མེ་ཏོག་གངས་ལྷ”རྟགས་མའི་ན་ཆུང་བྱིས་པའི་གླུ་གཞས་འགྲན་ཚོགས་སྐབས་གཉིས་པ་ལ་འགྲན་ཞུགས་མིང་ཐོ་འགོད་པར་དགའ་བསུ་ཞུ།
གཅིག འགྲན་ཞུགས་གླུ་གཞས་བརྩམས་ཆོས་ཀྱི་ནང་དོན་དང་ཆ་རྐྱེན།
     1.གླུ་གཞས་བརྩམས་ཆོས་ཀྱི་ནང་དོན་གྱི་ཆ་ནས་ན་ཆུང་བྱིས་པའི་བློ་དང་མོས་པར་འཚམས་ཤིང་། ཚིག་དང་དབྱངས་གང་གི་ཆ་ལའང་བྱིས་པའི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཡིན་དགོས་པར་མ་ཟད། བརྩམས་ཆོས་གསར་བ་ཡིན་དགོས།
     2.གླུ་གཞས་བརྩམས་ཆོས་ཀྱི་རམ་འདེགས་རོལ་མོའི་སྒྲིག་སྦྱོར་བཟང་ཞིང་སྒྲ་བླངས་པ་ཚད་ལྡན་སྤུས་དག་ཡིན་དགོས།
     3.འགྲན་ཞུགས་པས་ཉུང་མཐའ་ཡང་གླུ་གཞས་བརྩམས་ཆོས་གཉིས་བསྐུར་དགོས།
     4.འགྲན་ཞུགས་གཞས་པ་གཞས་མ་ལོ་བཅུ་བཞིའི་མན་ཡིན་དགོས།
གཉིས། འགྲན་ཞུགས་གླུ་གཞས་བརྩམས་ཆོས་བསྡུ་བའི་དུས་ཡུན།
     2018ལོའི་ཟླ9པའི་ཚེས20བར་ཡིན།
གསུམ། འགྲན་ཞུགས་གླུ་གཞས་བརྩམས་ཆོས་བསྐུར་སྟངས།
     འགྲན་ཞུགས་གླུ་གཞས་བརྩམས་ཆོསwavཡི་རྣམ་པས་གཤམ་གྱི་ཡིག་ཟམ་དང་ཡང་ན་སྐད་འཕྲིན་དུ་བསྐུར་དགོས་ལ།ཞར་ལ་གླུ་ཚིག་དང་། ཚིག་དང་དབྱངས་རྩོམ་མཁན་གྱི་མིང་། ལེན་མཁན་གྱི་མིང་།དེ་མིན་ཁྱིམ་བདག་གི་མིང་དང་འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་གསལ་བོར་བྲིས་ཏེ་བསྐུར་དགོས།
  ཡིག་ཟམ།  gzdj1979@163.com  
                QQ:2293574505

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...