སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གེ་སར་རིག་གནས་རྒྱུན་འཛིན་རྟེན་གཞི་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་གཞིས་ཆགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-5 11:20:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     སྤྱི་ཟླ7པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་འགོ་ཁྲིད་ལས་ཤེས་རྟོགས་བྱུང་བ་ལྟར་ན། མགོ་ལོག་དུ་གེ་སར་རིག་གནས་རྒྱུན་འཛིན་རྟེན་གཞི་དབུ་བརྙེས་པའི་སྒོ་བྱང་དངོས་སུ་བཀལ་ཞིང་། ཞིབ་འཇུག་ཁང་འདིའི་འགོ་ཁྲིད་ཧའང་ཀྲི་ཡིས། མ་འོངས་པར་ཞིང་ཆེན་འདིའི་ས་གནས་གཞན་དག་ལའང་གེ་སར་རིག་གནས་རྒྱུན་འཛིན་རྟེན་གཞི་འཛུགས་ནས་གེ་སར་རིག་གནས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་བསྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། "ལོ་ལྔའི་འཆར་འགོད་བཅུ་གསུམ་པའི"སྐབས་སུ། གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་འཛུགས་བསྐྲུན་སྤྱིའི་ཇུས་འགོད་གསལ་པོ་ཡོད་པ་སྟེ། དེ་ནི་མགོ་ལོག་ཁུལ་ལྟེ་བ་བྱེད་པ་དང་། ཉེ་འཁོར་ལ་ཁྱབ་པ་བྱས་ཡོད་པ་རེད། ཐོག་མར་ཁག་སོ་སོའི་སྒྱུར་རྩལ་པ་གཙོ་བོ་རིག་གནས་རྒྱུན་འཛིན་ཁྲོད་མྱུར་སྐྱོབ་བྱེད་དགོས་པ་དང་། སྲུང་སྐྱོང་གལ་ཆེན་བྱ་དགོས་པ་དག གེ་སར་རིག་གནས་འཕེལ་རྒྱས་ཀྱི་སྤྱི་དང་མགོ་ལོག་ཁུལ་གྱི་ཁྱད་ཆོས་ལ་དམིགས་པའི་ཆ་ནས། "ནུས་པ—ཡུལ་ལྗོངས—འཁྲབ་མཁན"གསུམ་གཞི་གཅིག་གི་མངོན་མིན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་རྣམ་པར་གཞིགས་ནས། རྨ་ཆུའི་ཆུ་འགོ་དེ་གེ་སར་གྱིས་རྟ་རྒྱུག་པ་དང་རྒྱལ་པོ་བྱས་པའི་ས་ཁུལ་ལྟེ་བའི་སྲུང་སྐྱོང་ཁུལ་དང།  ལུང་སྔོན་དགོན་ཐུབ་བསྟན་ཆོས་འཁོར་གླིང་ལྟེ་བའི་སྲུང་སྐྱོང་ཁུལ། གེ་སར་གྱི་སེང་འབྲུག་སྟག་རྩེ་ཕོ་བྲང་ལྟེ་བའི་སྲུང་སྐྱོང་ཁུལ། གཉན་པོ་གཡུ་རྩེ་ལྟེ་བའི་སྲུང་སྐྱོང་ཁུལ ཨ་མྱེས་རྨ་ཆེན་གངས་རི་སྲུང་སྐྱོང་ཁུལ། པདྨ་རྫོང་མཁར་རྫོང་རིག་གནས—གླིང་སྒྲུང་དགོན་པ་ཚོ་ཡི་སྲུང་སྐྱོང་ཁུལ་བཅས་གཙོ་བོ་བྱེད་པའི་ཁག་ཆེན་པོ་དྲུག་འཛུགས་བསྐྲུན་བྱ་ནས། ཁག་སོ་སོའི་ནང་དུ་རྫོང་ཁག་གི་རིག་གནས་སྐྱེས་ཁམས་ཀྱི་ཐོན་ཁུངས་ཁྱད་ཆོས་ལ་གཞིགས་ནས་སྲུང་སྐྱོང་ཐབས་ཤེས་དང་ཐབས་ལམ་གཏན་འཁེལ་བྱས་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...