སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》(བོད་ཡིག)འགྲེམ་སྤེལ་ཚོགས་འདུ་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-6 10:28:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ7པའི་ཚེས3ཉིན། 《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》(བོད་ཡིག)འགྲེམ་སྤེལ་ཚོགས་འདུ་དང་གཙོ་གནད་རྩོམ་པ་པོའི་གསོ་སྦྱོང་བགྲོ་གླེང་ཚོགས་འདུ་དེ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་བསྡུས།
     སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་ལི་ཝེ་ཕིང་གིས་གྲོས་ཚོགས་ལ་མདོ་འཛིན་མཛད་ཅིང་། སློབ་གཙོ་ཁྲེན་ཀྲང་ཝུའུ་དང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སྟེ་དྲིལ་སྒྲོག་པུའི་པུའུ་ཀྲང་བཀྲ་ཤིས་འཚོ་གཉིས་ཀྱིས་ཤིས་ཚིག་ཕུལ་ལ། འབྲེལ་ཡོད་འགོ་ཁྲིད་རྣམས་གྲོས་ཚོགས་སུ་ཞུགས་ཡོད།
     གྲོས་ཚོགས་སུ། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་ཁུར་བས《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》(བོད་ཡིག)ཆོག་མཆན་ཡིག་ཆ་སྒྲོག་འདོན་བྱས་པ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་འགོ་ཁྲིད་ཀྱིས་འབྲེལ་ཡོད་ལས་ཁུངས་ལ《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》(བོད་ཡིག)དཔེ་དེབ་སྐྱེས་སུ་ཕུལ་ལ། འབྲེལ་ཡོད་མི་སྣས《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》(བོད་ཡིག)དཔེ་དེབ་བསྐྲུན་པའི་གནས་ཚུལ་མཚམས་སྦྱོར་གནང་།
     རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུའི་སྟེང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བོད་རིག་པའི་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཞུ་ཆེན་པ་འབྲུག་པ་དང་ནུབ་བྱང་མི་རིགས་སློབ་ཆེན་སློབ་རེའི་ཚགས་པར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་སྟེ་དགེ་རྒན་ཆེན་མོ་དབྱང་ཧྲི་ཧོང་། མཚོ་སྔོན་མི་རིགས་སློབ་ཆེན་སློབ་རེའི་ཚགས་པར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་སྟེ་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་བཅས་སོ་སོས《བོད་རིག་པའི་དཔེ་དེབ་ཅིག་གི་རྩོམ་སྒྲིག་ལ་འཛོམས་དགོས་པའི་ཆ་རྐྱེན་དང་འགན་འཁྲི》ཞེས་པ་དང་། 《དཔྱད་རྩོམ་འབྲི་ཚུལ་ལས་འཕྲོས་པའི་གཏམ》། 《བོད་རིག་པའི་ཞིབ་འཇུག་དཔྱད་རྩོམ་གྱི་གནས་བབ་དང་ལྟ་ཚུལ་གླེང་བ》བཅས་ཟུར་ཁྲིད་སྙན་ཞུ་གནང་།
     ཕྱི་དྲོའི་བགྲོ་གླེང་ཚོགས་འདུའི་སྟེང་། འབྲེལ་ཡོད་ཆེད་མཁས་པས་འགོ་ཁྲིད་ཀྱི་གཏམ་བཤད་དང་ཟུར་ཁྲིད་སྙན་ཞུར་གཞིགས་ཏེ། 《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》གི་དཔེ་སྐྲུན་ཁ་ཕྱོགས་དང་སྦྱར་ནས་བསམ་འཆར་དང་འདོད་བློ་ལྷུག་པོར་བརྗོད།
     པེ་ཅིང་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ནས་ཡོང་བའི་ཆེད་མཁས་པ50ལྷག་དང་དུས་དེབ་རྩོམ་སྒྲིག་པ། གཙོ་གནད་རྩོམ་པ་པོ། དེ་མིན་སློབ་གྲྭ་དེའི་དགེ་སློབ་བཅས་མི300ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...